| | e-texts navigator
|
316b1 སྲིད་པའི་མདོས་བཞེས་དང་།། ནང་བསྒྱུར་ལ་གོད་བསྒོམས།། ཞེས་བསྔོའོ།། ལྷ་འདྲ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བརྟན་མ་བཅོས་པའི་ལེའུ་བཞི་བཅཝ་བདུན་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། རྫོགས་པ་ཐམས་ཅད་ཀྱིས་སྨྲས་པ། བདག
316b2 ཅག་རྣམས་ནི་ཚེ་དང་སྲོག་ལ་དབང་བྱེད་པ་སྟེ། འཛམ་བུའི་གླིང་གི་མི་རྣམས་ཀྱི་ཚེ་དང་སྲོག་ལ་དབང་བྱེད་པ་སྟེ། ཚེ་སྲོག་གི་བདག་པོའང་བདག་ཅག་ལགས་ཏེ། མི་དེའི་སྲོག་དང་གླུད་བརྗེ་བར་འདོད་ན། ལུག་གམ་ཙ་ར་གང་ཡང་རུང་། གསང་བདག་ཏིང་འཛིན་ལྡན་པ་དེས
316b3 དབང་བསྐུར་བར་དུ་བྱིན་གྱིས་བརླབ་བྱས་ནས།། དེ་ལ་མི་ཡི་ཞྭ་དང་གོས་དང་ལྷམ་ནི་བཀོན།། མཚལ་ཐིག་གདབ་ཅིང་གསེར་གཡུས་བརྒྱན།། ཕུད་གཙང་དང་ནི་ཆས་ཀྱིས་བཤམ།། དེ་ལྟར་བཤམས་ནས་སྔོན་བཞིན་ཕུལ་ན། དེ་ཡིས་མི་དེས་གུད་དུ་བརྗེ་སྟེ་ནད
316b4 རྣམས་སོས་ལ་འཆི་བ་བཟློག། ཅེས་གསུངས་སོ།། ཧཱུཾ། སྲིད་པས་བསྐོས་པའི་ཕུང་པོ་བསྐོས་པ་ཞེས།། སྲིད་པའི་བྱ་མཁན་ནང་ཁྲོལ་ཤ་ལ་གྱོན་མཛོད་ཅིག། རུ་བདུད་ཆེན་པོ་རུལ་བརྟེན།། བདུད་ཀྱི་ལྕི་མིས་ཆེན་པོ་ཁྱོད།། ཙང་རྒྱལ་བ་འདི་ཡི་བཅུད་བ་ཞེས་ཤིག། ཨུ
316b5 བཅུ་གཉིས་མགོ་དང་བཅུ་གསུམ་ལ།། ཡ་བདུད་བཅུ་གསུམ་གྲུང་བཞེས་དང་།། ཡ་མཁལ་ཡ་བདུད་ཆེན་པོ་རྣམས་ལ་འབུལ།། མ་མཁལ་མ་བདུད་ཆེན་པོ་དག་ལ་འབུལ།། ཤ་ལ་ཁམ་རེ་ཁྲག་ལ་ཐིགས་རེ་དང་།། སྤུ་ལ་ཉག་རེ་བདུད་བྲན་བཞེས།། ནམ་ཚོང་ལྷ་བདུད་གང་དུ་བཞེས།།
316b6 གཤང་ཁ་དུར་བདུད་དུར་བཙན་བཞེས།། གཉེ་མ་གཉིས་བདུད་གཉིས་མཁམ་བདུད་བཞེས།། གཞུང་བུ་གྱི་བཙན་ཆེན་པོ་སྟེ།། ཕུང་པོ་ལྔ་ནི་འབྱུང་བའི་བཙན།། མཆིན་པ་བྲག་བཙན་རྗེ་བཙན་བཞེས།། སུ་ལ་མང་བ་ཙན་ཕྲན་སྟོང་སྡེས་བཞེས།། སྙིང་དང་སྲོག་རྩ་སྲོག་བདག་འཁོར
316b7 དང་བཅས་པས་བཞེས།། གློ་བསིལ་མ་སྟོང་སྡེ་བཞེས།། ཤན་སྔན་རྨེན་བུ་རྒྱལ་ཐེའུ་རང་སྤུན་དགུས་བཞེས།། སྲོག་བདག་གཡས་གཡོན་ནང་ཁྲོལ་ཚོགས་དང་བཅས།། བདུད་མོ་འཁོར་དང་བཅས་ལ་འབུལ།། ཤ་ཁྲག་རློན་པ་ཐེ་རང་སྟོང་སྡེ་བཞེས།། ཕོ་བ་རྨང་ཁ་ཛ་ཡ་མ་རྣམས
iiif viewer powered by OpenSeadragon
316a - 317a