| | e-texts navigator
|
315a1 །། ཆེན་པོ་ལས། ཀླུབཙན་བསག་པའི་ལེའུ་བཞི་བཅུ་བཞི་པའོ།། །། དེ་ནས་ཡང་བསྔོ་བ་ནི། ཧཱུཾ། སྲིད་པ་ཀུན་གྱི་བདག། གྲུབ་ཅན་ནི་མཆེད་དེ་གསུམ།། ནད་དང་སྣ་ཚོགས་གཏོང་།། གདུག་པ་ཆེ་ཞིང་ལྷ་འདྲེ་ཀུན་གྱི་རྒྱབ་མཛད་པ།། ཕ་ནི་བཙན་ལ་མ་ནི་ཀླུ་ཡི་ལྷ་མ་མོ་དེ
315a2 ཀླུབཙན་ཚོགས་པའི་དྲག་ཤུལ་ཅན།། ཕ་ནི་འགྲོ་སྟེང་རྒྱལ་བ་ཡིན།། མ་ནི་བཙུན་བཟའ་ལྷམ་གཅིག་མ།། བུ་ནི་སྤུན་གསུམ་བྱུང་བ་ལ།། ཁུ་བོ་ཀླུ་བཙན་ནག་པོ་གཅིག། མི་ནག་མདུང་ཙམ་གཅིག། དར་ནག་རལ་ཀ་གསོལ།། སྦྲུལ་ནག་ཟར་ཚགས།། སྦལ་ནག་ཆག་ཅན།། རྟ་ན་ག
315a3 པོ་ཆིབས།། གཡས་ན་སེ་བཙན་སྟོང་གི་དམག་སྣ་འདྲེན།། གཡོན་ན་བྲག་བཙན་སྟོང་གི་སྣ་ཡང་འདྲེན།། རྒྱབ་ན་གདུག་པ་གུ་ཡི་བུ།། སྒྲ་ནི་ཐེ་རང་ཆེན་པོས་འདྲེན།། མདོས་བདག་མདོས་པཞེས་དང་།། ཀླུ་བཙན་དམར་པོ་དེ།། མི་དམར་མདུད་ཙམ་གཅིག། གླང་དམར་རུང་དམར
315a4 ཆིབས།། དར་དམར་རལ་ག་ལ།། སྦྲུལ་དམར་གདེངས་རལ་ཅན།། སྦལ་བ་དམར་པོའི་ཆ་ག་ཅན།། སྡོམ་སྡིག་སྒྲ་ནས་འཐོར།། འབྲུམ་བུ་ནག་དང་ནད་ཁྲག་མང་པོ་འཐོར།། བཙན་ཕྲན་འགུམ་ནི་སྣ་ཡང་འདྲེན།། གདུག་པ་ཀླུ་ཡི་རྒྱབ་མཛད་པ།། མདོས་བདག་མདོས་བཞེས་དང་།། ཀླུ་བཙོ
315a5 མཆེད་གསུམ་ཁྱོད།། སྟོན་པ་སྟོང་གི་སྡེ་དཔོན་ལུང་ལ་ཉོན།། དྲེགས་པ་ཀུན་གྱི་རྒྱབ་མཛད་པ།། ཡི་དྭགས་འདྲེ་བཀྲེན་མ་འདྲེན་སྔ་མ་མཛད།། ཅེས་བསྔོའོ།། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས།། ཀླུ་བཙན་བསྔོ་བའི་ལེའུ་བཞི་བཅུ་ལྔ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས
315a6 ཀྱི་སྤྱན་སྔར། བརྟན་མ་བཅུ་གཉིས་ཀྱིས་རང་རང་གི་བཅོས་པའི་ཐབས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། གསང་བདག་ཏིང་འཛིན་ལྡན་པ་དེས།། འབྲུ་སྒྲ་ཚང་བའི་ཀྱེ་མ་ལ།། བྱིན་གྱིས་བརླབ་ཅིང་སྦྲུས་ནས་སུ།། རི་རབ་ཁ་དོག་རིགས་དང་བསྟུན།། དཔག་བསམ་ཤིང་དང་ནས
315a7 མཁའ་ཚོན་སྣ་ལྔ་ཡི་གུར།། དར་དང་རྒྱ་ལོང་བརྒྱན་པར་བྱ།། ར་དང་ལུག་དང་བྱ་དཀར་མོ་དང་། སྤུག་མོ་དང་དམར་མོ་དང་སྔོན་མོ་དང་བཅས་པ་མང་དུ་བསག་གོ། ཤ་བ་དང་རྟ་དང་གླང་དང་མཛེ་རྟོལ་དང་། སོ་བྱ་དང་འབྲི་དང་བཅས་པས་རི་རབ་བསྐོར། འབྲང་རྒྱས་བཅུ་གཉིས་རི་ར
iiif viewer powered by OpenSeadragon
314b - 315b