e-texts navigator
Collection
Volume
Page
Wylie

259b1 དྲན་པར་བྱས།། ཞེས་བཀའ་སྩལ་པ་དང་། ཀཻ་ཀང་མིང་སྲིང་རྣམས་དགའ་མགུ་ཡི་རངས་ཏེ། ཧ་ཧ་ཧི་ཧི་ཞེས་པའི་སྒྲ་དུས་གཅིག་ཏུ་ཕྱུང་ནས། ཡང་དཔའ་པ་ཆེན་པོ་ལ་མའི་སྐད་ཅེས་གསོལ་ཏོ།། ཀྱེ་མ་དཔའ་བོ་ཆེན་པོ་ལགས།། འཇག་དང་ཏུ་བའི་མས་ཅང
259b2 དང་།། དུས་དང་དུས་ཀྱི་ཚོད་རྣམས་དང་།། རྒྱུ་བའི་ཕྱོགས་དང་མིང་རྣམས་དང་།། དཔོན་སྔ་བསྐོ་བའི་སྦུག་ལས་རྣམས།། བཀའ་སྩལ་བཞིན་དུ་གཉེར་ལེན་ན།། བདག་ཅག་རྣམས་ཀྱི་མཐུན་རྫས་དང་།། འཚལ་བའི་ཟས་སྐལ་གང་གིས་བགྱི།། དཔའ་བོ་ཆེན་པོས་བཀའ
259b3 སྩོལ་ཅིག། ཅེས་གསོལ་པ་དང་། ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་དགྱེས་པ་ཆེན་པོའི་གསུང་ཕྱུང་ནས། འདི་སྐད་ཅེས་བཀའ་སྩལ་ཏོ།། ཀི་ཀང་དྲང་སྲོང་ཆེན་པོ་རྣམས།། དེ་སྐད་གསུངས་པ་ཤིན་ཏུ་ལེགས།། ངས་གསུང་པ་ལ་སེམས་ཕུད་ཅིག
259b4 ཀྱི་ནི་ཕྲིན་ཡིན་པས།། ཤ་རུལ་ཁྲག་རུལ་ཉ་རུལ་དང་།། བཅོས་དང་རྗེན་ཤ་སྣ་ཚོགས་དང་།། ར་མཆིན་ལ་སོགས་མར་ཆེན་རྣམས།། ཕ་ཟས་པ་ལ་དབོག་པར་བྱ།། ཁྱོད་ཀྱི་མ་ནི་ཀླུ་ཡིན་པས།། དཀར་གསུམ་མངར་གསུམ་ཀླུ་སྨན་དང་།། ལ་སྨན་རྩི་སྨན་སྣ་ཚོགས
259b5 དང་།། དྲི་ཡི་རྒྱལ་པོ་ག་པུར་རྣམས།། མ་ཟས་བུ་ལ་དཔོག་པར་བྱ།། དེ་ལྟར་མཐུན་པའི་རྫས་བསྟན་ནས།། ཁྱོད་ཀྱི་ཟས་སྐུ་ལ་བསྟན་པ་ནི།། གསང་སྔགས་གཉེན་གྱི་བསྟན་པ་ལ།། འབྱོལ་ཅིང་སྔར་སེམས་ལྡན་པ་དང་།། དམ་ལ་གནས་པའི་རྣལ་འབྱོར་པ།། གདུག
259b6 ཅིང་རྒྱབ་ཀྱིས་ཕྱོགས་པ་དང་།། དམ་ཚིག་ཉམས་དང་དམ་ལས་ལྡོག། འདི་དག་ཁྱོད་ཀྱི་བས་སྐལ་ལོ།། ཞུ་བྲག་མེད་པར་མྱུར་དུ་སྲོལ།། སྒྲོལ་བའི་བདག་པོར་ངས་དབང་བསྐུར།། སྲོག་དང་དབུགས་ལ་དབང་བསྐུར་རོ།། གསོད་ཅིང་གསོ་བར་དབང་བསྐུར་རོ།། རྣལ
259b7 འབྱོར་རྣམ་ལ་གནས་པ་དང་།། བསྟན་པ་གཉེན་པོའི་ཛིན་པ་དང་།། བཀའ་བཞིན་སྤྱོད་པའི་རྣལ་འབྱོར་པའི།། བཀའ་ལས་མི་འདའ་དམ་ལས་མི་འདའ་བར།། དེ་ཡི་དགོངས་པ་མྱུར་དུ་སྒྲུབས།། ཉོན་ཅིག་གི་ཀང་ཆེན་པོ་རྣམས།། ང་ཡི་བཀའ་ལས་ཁྱོད་མ་འདའ།།




iiif viewer powered by OpenSeadragon

259a - 260a

Texts on this page

Gdg024.14 - bdud bya rog mgo brtsegs gsang ba sgrol byed kyi rgyal po ki kang rog ti'i mdo snying gzer nag po'i rgyud chen po