e-texts navigator
Collection
Volume
Page
Wylie

255a1 པར་བྱེད། ཨོཾ་མ་ཧཱ་ཀཱ་ལ་དོམ་ཐ་ཏྲག་ཤད། བདུད་ཁྲོམ། མ་ཧཱ་ལ་སེར་ཕྲོམ། ཤུན་ཏིང་སྤྲིན་ཕྲོམ། ཤར་ཤར་དྲག་ཏུ་ཕོབ། ནལ་ནལ་ཆེ་མཚམ། ཕྲམ་ཕྲོམ། ཤར་ཤར་ནག་ནག་བདུད་ཕྲོམ་གྲུ་ན་ཧཱི་ད་ཏྲ་ག་ཤད། ལང་ལིང་།
255a2 དུང་དུར། ལྷོགས་ལྷོགས། འབྲུག་མ་ལམ། ཕུ་ཕུ་ནཱ་ག་སུར་ཞུམས། ཆེམ་ཆེམ་ཕྲོ་མན་ལ་ཕྲོ་མ་ནལ། སརྦ་ཤ་ཧཱུཾ་ཨ་མུ་ཀའི་ལོ་ཏོག་སྣ་ཚོགས་མ་ཧཱ་ཀཱ་ཡ་དུ་བེ་ཤ་ཤ་ཤུ་ཤུ་གིང་ཀ་ར། མ་རུ་ཙེ་མར་གུ་ལམ། གྲོ་མ་གྲོམ། ན་ག་ཤུ་བོ་ཧ་ལམ། མ་མཾ་རག་མ
255a3 པོ་བ། ཅེས་རྟགས་ལ་ཐུག་གི་བར་དུ་བཟླས་སོ།། གཟའ་བདུད་དཱ་ཧུ་ལ་དང་སྦྱར་དོ།། ཕུན་འོད་འབྱུང་གློག་གིས་བར་སྣད་ཁེངས། འབྲུག་གིས་ས་གཞི་ག་ཡོས། ཐུན་ལ་སེར་བ་དངོས་སུ་འོང་། ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་བཅུ་གཉི
255a4 པའོ།། ། ཡེ་ཤེས་མགོན་པོ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་འོ།། འཇིག་རྟེན་མགོན་པོ་ནི་ལྷ་མ་སྲིན་སྡེ་བརྒྱད་དོ།། ལས་ཀྱི་མགོན་པོ་ནི་བྱ་རོག་གདོང་ཅན་ཡིན། མ། མོ་རྩ་སྲོག་ཁྲག་འདི་བམས་ལས་བྱེད་དོ།། ཆོས་འཁོར་བསྲུང་ན
255a5 ལ་གཉེར་གཏད་དོ།། ནོར་བསུང་ན་རྟེན་གསུམ་རྟག་ཏུ་བཅད། གང་འདོད་ཐོད་ན་གསང་རྟེན་ལུས་ལང་ཆང་། མི་སྙིང་བསྩལ་ན་གཏོར་མ་དུས་གསུམ་གཏང་། དངོས་གྲུབ་འདོད་ན་མཆོད་པ་རྟག་ཏུ་འབར་རོ། དང་པོ་བསྙེན་པའི་ལས་ནི་ཤིན་ཏུ་གཅེས།། བྱ་ནག
255a6 མི་ནག་གཡག་ནག་དང་།། མ་མོ་གླུ་ལེན་གར་བྱེད་དང་།། རྩམ་ལྔ་དང་ཤ་འུད་དང་།། གྲངས་དང་སེར་ཙ་ངོས་སུ་འབྱུང་།། ཐོག་དང་འུར་སྒྲ་ཆེན་པོ་དང་།། དར་ནག་ཐོདས་དང་དུད་དགར་འབུད།། ལྕེ་ལ་མེ་ཏོག་སྐྱེས་པ་དང་།། རྒྱལ་པོའི་ཚུལ་དུ་དབང་བསྐུར་བའོ།།
255a7 ལུང་བསྟན་འབྱུང་དང་སྐད་སྨན་འབོད།། རྨི་ལྟས་གསལ་པོར་ཙམ་དབང་སྟོན་པ་ནི།། ལས་མགོན་བྱ་འོག་གདོང་གི་ལྷས།། དངོས་སུ་བྱུང་ནམ་མོ་རྟགས།། དེས་ལས་གང་ཡང་ཐོགས་པ་མེད་དོ།། ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་བཅུ་གསུམ




iiif viewer powered by OpenSeadragon

254b - 255b

Texts on this page

Gdg024.13 - nag po chen po las mgon bya rog gdong gi rgyud