| | e-texts navigator
|
253a1 རྒྱ་གར་སྐད་དུ། ཀ་མ་མ་ཧཱ་ཀཱ་ལ། པྲ་པྲ་ཏནྟྲ། བོད་སྐད་དུ། ནག་པོ་ཆེན་པོ་ལས་མགོན་བྱ་རོག་གདང་གི་རྒྱུད། དཔལ་ཁྲག་འཐུང་ནག་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པ་དུས་གཅིག་ན། དུར་ཁྲོད་ཆེན་པོ
253a2 རིལ་བའི་ཚལ་ན། བཅོམ་ལྡན་འདས་རྒྱལ་པོ་ཆེན་པོ་བཞི་ལ་ཆོས་སྟོན་པའི་ཚེ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཉིད་མ་ཧཱ་ཀཱ་ལ་བྱ་རོག་གདོང་ཅན་དུ་སྦལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དུས་ངན་བསྟན་པ་འབྱུང་བའི་ཚེ།། སངས་རྒྱས
253a3 སྙན་པ་འཇིག་པར་འགྱུར།། མེཧཱ་ཀཱ་ལ་ནག་པོ་སྟེ།། དེ་ཡིས་བསྟན་པ་སྲུང་བར་བྱེད།། ལྷ་ཆེན་དཔལ་འབར་ཐོས་པ་ཡི།། ཐུགས་མགོན་ནག་བཙོན་པོ་སྟེ།། དེ་ཡི་ལས་མགོན་བྱ་དགག་དང་། ང་ཡིས་སངས་རྒྱས་བསྟེན་པ་བསྲུང་།། ཞེས་གསལ་པ་དང་།
253a4 མ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་བཞིའི་འཁོར་རྣམས་བསྲུང་བ་དང་།། དཀན་མཆོག་དབུ་འཕང་བསྟོད་པར་གྱིས།། སྔགས་འཆང་བསྟན་པ་ཁྱོད་ཀྱིས་སྲུངས།། ལས་ཀྱི་མགོན་པོ་བྱ་རོག་གདོད།། དུས་ངན་རྩོད་པ་དར་བའོ་ཆ།། སངས་རྒྱས་བསྟན
253a5 པ་རང་གིས་འཇིག། དེ་དུས་ཁྱོད་ཀྱིས་ལས་སྦུབས་ཤིག། ཅེས་སྩལ་ཏོ།། བྱ་རོག་གདོང་གིས་སླར་ཞུས་པ། ང་ཡི་ལས་མཁན་དམར་མོ་མ་འདིག་ཁྲག་འཇིབ་མ།། འདི་ཡིས་ང་ཡི་ལས་རྣམས་སྒྲུབ།། འཇིགས་ཟེད་དཔའ་བོའི་བཀའ་ལས་ཉན།། ཅེས
253a6 གསོལ་ཏོ།། ལས་ཀྱི་མགོན་པོ་བྱ་རོག་གདོང་གིས་སླར་བཅོམ་ལྡན་འདས་ལ་ཞུས་པ། ང་ཡི་ལས་རྣམས་མཚན་ཆ་འདྲ།། ཞེས་གསུངས་སོ།། ལས་ཀྱི་མགོན་པོ་གྱ་རོག་གདོང་གི་རྒྱུད་ལས་གླེང་གཞིའི་ལེའུ་དང་པོའོ།། ། དེ་ནས་འསྒྲུབ་པསྙེན་ལས་ཀྱི
253a7 ངེས་པ་ཡང་། གསད་དང་བཟློག་དང་གནན་པ་དང་།། བསྲེག་དང་གཏོར་མ་ཏིང་ངེ་འཛིན།། གནད་ལ་དབབ་དང་གཟིང་བ་དང་།། ལྷས་ངན་ཚེ་འབྲལ་རྩ་བའི་རིམས།། ཡུམ་གྱི་ལགས་དེ་དང་བ་ལཾ་བཞིས་གསད་དང་།། བྱིནང་གསང་བའི་རྟེན་བཅན།། གཏུ་ཟོད་པ་ག་ཞལ
iiif viewer powered by OpenSeadragon
252b - 253b