e-texts navigator
Collection
Volume
Page
Wylie

252b1 བསྐལ་ཞེས་བྱ་བའི་གདགས་གཞི་མེད།། བསྒྲལ་བ་མེད་པར་ཚིམ་གྱུར་ཅིག། སྐྱོབ་ན་ཤེ་ཏྲེ་མ་ཏྲ་ཏ་མགྲ་སེ་ཧཱུ~ཾ་ཧ་ཧེ་བྷོ། མ་མོ་དེ་ནི་བུ་རོན་གྱིས་བསྐང་བ་སྟེ།། ནག་མོནན་ལྟར་ཁྲོས་ན། བྱ་ཕྲ་རོན་གཙོར་བྱས་ལ་དབྱིངས་ཀྱི་ཡུམ་དྲུག་ནས་མར་རྫས་ཚོགས་ཚད་ཀྱིས་བསྐང་བའོ།། འདི་མ་མོ་བསྐང་བའི
252b2 ལེའུ་ཆེན་མོ་སྟེ། སྒོ་ནས་གནས་ཀྱི་ཆོ་ག་ཉི་ཤུ་རྩ་གཉིས་པོ་དང་། ཡང་སྒོས་སྐོང་ཡོད་དོ།། དེ་ཡང་སྒོས་སྐོང་ནི། དཀར་མོ་ནག་མོ་སུག་མོ་གསུམ་དུ་ཕྱེ་ན། ཟེ་ཆོ་ཀོ་ལ་ནི་སྤོས་སྐོངས་སོ།། སྲིད་པའི་བྱོ་བྲོག་གི་ས་བསྐྲང་བ་ནི། མ་མྱོ་སྤྱིའི་སྤོངས་སོ།། གླིང་བཞི་དང་གུར་ཡང་སྤྱིར་བསྐང་བའོ།།
252b3 བཞི་བསྡུས་ཏེ་བསྐང་ན། སྤྱི་བསྒྲིབ་ཆེན་པོས་བསྐང་སྟེ། སྔག་པ་དམ་ཚིག་ཉམས་ནས་འཁོར་དུ་མ་བཏུབ་པ་དང་། རང་ནད་ཀྱིས་གདུང་བ་ལ། སྤྱི་སྒྲུབ་ལ་སྤྱིབསྐང་གང་འགྲུབ་པ་བཏགས་ནས་དྲག་ཏུ་བསྐང་ཞིང་། སློབ་དཔོན་ལ་དབང་ནོས་ནས་འགྱོད་པ་སྐྱེས་ནས་བཤགས་ན་འདི་དང་ཕྱི་མ
252b4 ཀར་མི་སྒྲིབ་པར་འགྱུར་རོ།། མ་མོ་སྲིད་པའི་བེ་མ་ལས། མ་མོ་བསྡུས་པ་བརྒྱ་རྩ་བརྒྱད་དང་སྟོང་རྩ་བརྒྱད་ཀྱིས་བསྐད་པ་དང་། ཕོ་འདུས་པ་དང་ས་བདག་དང་། ཀླུའི་བསྐང་བ་ལེའུ་ཆེན་པོའི་སྐབས་སོ།། ། མ་མོ་སྲིད་པའི་བེ་མ་ལས། གུ་རུ་དཔལ་བཞད་པ་རྩལ
252b5 མཛད་པ་རྫོགས་སོ།། །། སྐད་ཀྱི་གུ་རུ་འཕྲུལ་པག་གི་ཐུགས་ཀྱི་དགོངས་པའི་བེམ་ཞེས་བྱ་བ་འདི། གུ་རུ་འཕྲུལ་གྱི་གཤོག་རྒོད་རྩལ་དང་བ་ན་ཆུང་ཡང་དབང་གཏེར་གྱིས་བསྒྱུར་བའོ།། བདག་འདྲ་བ་ན་རླུང་སངས་རྒྱས་ཀྱིས།། འཛམ་གླིང་སེམས་ཅན་ཏོག་ཅན་ལ།། ལུང་ཆེན་བསྐང་བ་ལེ
252b6 ཏི།། ཤོག་རིལ་དཔེ་ཆུང་ཉི་ཤུ་རྩ་བཞིར་སྤེལ།། ཤོག་བུ་ལྡན་པོ་ཡི་བཅོས་ཐབས་ཡིན།། དགོས་པ་དེ་ཡིས་ཚོང་བར་འགྱུར།། འཛམ་སྲིང་སེམས་ཅན་གྲོལ་གྱུར་ཅིག། ཕ་ཚོགས་མཚོགས་མཁའ་འགྲོ་མ།། ཐུགས་དམ་བསྐང་བ་འདི་འསྒྱུར་བས།། བདག་ལ་རྟག་ཏུ་སྩོ་གྱུར་ཅི
252b7 མ་མོ་སྲིད་པའི་བེམ་ཆེན་འདི།། མཐུ་ཆེན་བྱིན་རླབས་བཀྲ་ཤིས་ཤོག། མ་མོ་རྣམས་ཀྱང་འདྲ་བར་ཤོག། དབྱིངས་ཀྱི་མ་མོ་འདི་མཆོད་པས།། ཚོགས་གཉིས་རྫོགས་ཏེ་སྤྲིང་གཉིས་ཀྱང་།། ཚེ་འདིར་བར་ཆད་ཐམས་ཅད་འབྲོག།
252b8 [।]




iiif viewer powered by OpenSeadragon

252a - 253a

Texts on this page

Gdg024.12 - srid pa'i bem