e-texts navigator
Collection
Volume
Page
Wylie

252a1 བབ་བདག་ཅན་པ་རབ་བར་མ།། ནགམཚོགས་འཐུན་མཛུད།། ཡེ་ཤེས་འབྱུང་བའི་དང་ལས་བྱུ།། སེམས་ཉིད་ཡོ་མ་སན་མྱེད།། མཚོན་དུ་མེད་པའི་དུ་ལས་སྲང་ཐངས་ཏེ།། སེམས་ཅན་ལས་ཀྱིས་རྒྱད་ཀྱི་སྦྲུལ་མཚོན།། སྲོང
252a2 གསུམ་དབང་བསྒྱུར་རབ་འབར་མཞུ་མོ་ཆེ།། སེམས་ཅན་ལས་ཀྱིས་ཁྱེད་ཀྱི་སྲུ་མཚོན་ཏེ།། རྟོག་མེད་ཁང་པར་རྟོག་མེད་ཁྱོད་བཞུགས་པ།། སྐྱོབ་པྲེ་ཏའི་ཀློང་ཆེན་ཡེ་ལུང་ནས།། སྲུ་མདོག་སྤུག་གུ་གཡུ་ཡི་ལན་ཕྲན་ཅན།། ཞབས་ལ་གསེར་གྱི་འཁོར་ལོས་བཏོགས
252a3 འཛམ་བུའི་གླིང་བཞི་ཁྱབ་པར་ཉུལ།། ལས་སུ་སྤྲོ་འབོག་ནད་ཆེན་བཏང་།། སྔག་པ་དམ་ཉམས་འཁོར་དུ་ནད་ཆེན་གཏོང་བའི་དབང་མོ་ཆེ།། སྔོན་ཚེ་དྲར་ཁྲོད་བསེལ་ཚལ་དུ།། གསང་བའི་མཚན་བཏགས་རྡོ་རྗེ་ཁ་ར་ལ་ཅན།། གསེར་མཁར་ཟོར་བ་གདོང་གི་ནང་ཤེད་ན།། ལས་ཀྱི་ཀྱལ
252a4 རྡོ་མུ་བཞུགས་ཏེ།། གསེར་གྱི་ཉག་ཟག་བརྩེགས་པ་ལ།། གཡུ་ཡི་བད་བཏགས་ཡལ་ལ།། མ་མོའི་ནང་ན་འཁུ་ལྡོག་ཆེ།། གཉེན་མོ་ཡི་ཕ་མ་ཁྱོད་ཀྱིས་ཀྱང་།། སྐྱོ་བ་བེ་ཏའི་གླིང་ཆེན་ནས།། སྔགས་པའི་འཁོར་དུ་སྐྱོ་འབོག་གཏོང་།། ཉམས་པ་རྣམས་ལ་ཆད་པ་ཆོད།། དམ་ཚིག
252a5 ཉམས་པའི་གཉེན་དུ་ཆེ།། སྤྱན་རྫི་བ་སྲུ་ཉག་རེ་ལ།། གཟའ་སྐར་རྒྱུག་ཅིང་རྒྱུ་སྐར་འགྱེད།། སྐྱོ་འབོག་གཏོང་བའི་དབང་མོ་ཆེ།། བསྐད་རྫས་ས་པ་ཤ་ནས་བསྐང་།། བསྒྲལ་བ་མེད་པར་ཚིམ་གྱུར་ཅིག། སེམས་ཅན་འདི་ཡི་མདདྲ་ཆེན་འདིས།། ནམ་མཁའ་སྟོང་པའི་ངང་དང་མཉམ།། བྱ་ཡི།
252a6 དགེ་བསྙེན་འདི་ཡིས་ཐུགས་དམ་བསྐང་།། སེམས་ཅན་འདི་ལ་དབུགས་ཡོད་དེ།། གཟུང་དུ་མེད་པས་རླུང་དང་མཉམ། གཟུགས་མེད་དབུགས་ཀྱིས་ཐུགས་དམ་པ་སྐང་།། སེམས་ཅན་འདི་ལ་གཟུགས་ཡོད་པས།། ཁ་ར་ལ་རྡོ་རྗེ་རྩལ་གྱི་ཐུགས་དམ་བསྐང་།། སྐྱོ་འབོག་གཏོང་བའི་རྒྱལ
252a7 མོ་ལ།། མཚོན་དུ་མེད་པའི་གཟུགས་ཀྱིས་བསྐང་།། སྐྱོ་བ་བེ་ཧའི་གླིང་ཆེན་དུ།། དམ་ཚིག་ཉམས་པའི་སྔགས་པ་ལ།། སྐྱོ་འབོག་གཏོང་བ་རྒྱལ་མོ་ཁྱོད་ཀྱིས་གཏོང་།། ཁྱོད་ཀྱི་ཐུགས་དམ་གཡུ་སྐེམ་ཡིས་བསྐང་།། བསྐང་བས་ཚིམ་སྟེ་བསྐལ་བ་མེད།། སྟོང་པས་སྤོང་བ་བསླལ་བ་ལ།།




iiif viewer powered by OpenSeadragon

251b - 252b

Texts on this page

Gdg024.12 - srid pa'i bem