| | e-texts navigator
|
251a1 སྒྲ་ཡིད་པ་སྣའོ་ཡང
251a2 དབྱིངས་ཕྲུག་མ།། དུས་བཞི་ན་སྙོམས་རྒྱལ་མོ་བཞི།། སྒྲ་ལིང་བ་སྣའི་ཀློང་ཆེན་ནས།། བསྐྱེད་པ་མེད་པར་སྦལ་བླངས་ནས།། བཐོན་ཆེན་མཁའ་བར་མ།། སྨད་དང་སྐྲག་པའི་ནད་རྣམས་གཏང་།
251a3 བསྐང་ངོ་བ་ལྟར་མེད་མདངས་ཀྱིས་བསྐང་།། བསྐང་ངོ་བལྟར་མེད་གཟུགས་ཀྱིས་བསྐང་།། སྤངས་པི་བྱི་ཏའི་གླིང་ཆེན་ནས།། ཁ་འབར་ཆེན་མོ་ཀོང་སླ་ཅན།། ལྕགས་མཁར་གུ་བཞི་ཁྱམས་བརྒྱད་ནས།། གསེར་སྟན་དང་དཀར་ཡོལ་འོག་ན།། བློན་མོ་ཆེན
251a4 མོ་ཀོང་སྤ་ཅན།། སྲན་མོ་སྟོང་གི་ཞུས་ཐག་གཅོད།། ཁ་བློན་བརྒྱ་ཡི་དབུས་ན་འགྱིང་།། ཞལ་ནས་ཐོག་དང་སེར་བ་འབེབས།། རླུང་རྟ་སེར་བུ་ཅི་བས་མཛད་མ།། རླུང་ཞགས་ཁྲ་བོ་ཕྱག་ན་བསྣམས།། དགྲ་སྡང་རླུང་ལ་སྲུང་དུ་བྱོན།། ཞབས་ཀྱིས་བར་སྣ
251a5 ལྷ་ཆེན་གནོནོ།། སྲིད་གསུམ་སྒྲ་སྒྲོགས་མཐུ་མོ་ཆེ།། སྤྱན་ནས་བདུད་རྩིའི་ཞམ་ཆུ་འབབ།། བདུད་ཀྱི་ཁམས་ཀུན་ཕུང་བར་མཛད།། ཞལ་གྱི་ཚེམས་པར་སོ་གཉིས་ནས།། བུ་ལུམ་ཆེན་མོ་རབ་འབར་འདོན།། བདུད་ཀྱི་བྱ་རྒོད་ཆེན་མོ་བརྒྱད།། ལྷག
251a6 དབྱེས་ནས་འགུར་ཞིང་ལྷབ།། ཟངས་ཀྱི་ཁྱི་མོ་ཆེན་མོ་བཞི།། དཔྲལ་བའི་དབྱེས་ནས་འཁང་ཞིང་ཟུག། སྤངས་པ་བྱེ་ཏའི་གླིང་ཤེད་ནས།། སྐྱེ་མེད་རྒྱལ་མོ་ཁྱོད་བཞུགས་ཏེ།། ལེ་བརྒན་རལ་བ་གནམ་ལ་བསླངས།། དབུ་གསུམ་ལེ་ཤེས་འབར་བའི་ཀློང་།།
251a7 ལྕགས་ལས་བྱས་པའི་འཁོར་ལོ་ཡིས།། བདུད་ཀྱི་ཁམས་ཀུན་སྲེག་པད་མཛོད།། གསེར་གྱི་འཁོར་ལོ་རྩིབས་བརྒྱད་ཀྱིས།། སྲིད་པའི་གཙོ་མོ་རྡུལ་དུ་རློག། བར་སྣང་ཁམས་ཀྱི་ལྷ་བྲན་བརྒྱལ།། ལྷ་མོ་རྡོ་རྗེཿཔ་རབརྩལ།། སྤངས་ལྕགས་གཏོང་བའི་དབང
251a8 མོ་ཆེ།། ཆིབས་སུ་ལུགས་རྟ་ས་སྟཆིབས།། རོལ་དུ་བར་སྣང་སྲོག་ཆེན་ཁྲིད།། བགྲན་ཟླ་མེད་པར་ཤུག་ཟག་གཅོད།། ངག་ལྤགས་གཏོང་བའི་དབང་མ་ཆེ།། ཀྲྀཥྚི་སཱ་རས་ཐུགས་དམ་བསྐང་།། བློན་མོ་ཆེན་མོ་འབར་བ་མ།། བཙུན་མོ་བ་ལས་ཐུགས
iiif viewer powered by OpenSeadragon
250b - 251b