e-texts navigator
Collection
Volume
Page
Wylie

250b1 གྱིས་སམ་སླེབ།། བདག་ཉིད་གཟུགས་ཀྱི་སྲུང་པོ་ལས།། རྗོང་མོ་དཔལ་གྱི་དབང་ཕྱུག་བསྐྱེད།། སེམས་ལས་གཟུགས་ཀྱི་ལུང་བ་བྱུག། སེམས་ཉིད་ཀྱི་མེད་བྱུང་ཆུབ་སེམས།། འདྲ་འབྲལ་མེད་པའི་སྐུ་འབླངས་ཏེ།། དཔལ་གྱི་དཔུང་ཕྲག་དཀའ་བཐོག་མ
250b2 སྐྱེ་རགས་བཅིངས་ཤིང་ལག་ན་མདུང་ཞགས་ཐོགས།། རལ་གྲི་ཐོགས་ནས་ཁྲག་གིས་མྱོས།། རིན་ཆེན་རལ་བ་གྱེན་ལ་བསྒྲེང་།། སྲིད་པ་གསུམ་ལ་མངའ་མཛོད་མ།། ཁྱོད་ཀྱི་སྲ་ནི་གཉའ་ཤིང་འཛིན་གྱི། ཁ་ན་བཞུགས།། སུ་ལ་མེའི་ཕུང་པོ་དཔེར།། ཞལ་ནས
250b3 བདུད་རྩིའི་ཆུ་རྒྱན་འབེབས།། ཁྱོད་ཀྱི་སྦྲུལ་སྤྱན་མིག་བཞི།། གཡས་ཀྱི་སྤྱན་གྱིས་དྲི་ཟ་འདུལ།། གཡོན་གྱི་སྤྱན་གྱིས་གཤིན་རྗེ་འཚོ།། གཤིན་རྗེ་འདུལ་ཞིང་མི་སྙིང་ཟ།། གཡས་ཀྱི་སྤྱན་གྱིས་གནོད་སྦྱིན་འདུལ།། གཡོན་གྱི་སྤྱན་གྱིས་དགྲ་དགེགས་འདུལ།།
250b4 དོད་མ་ཅན་རྒྱལ་མོ་བསྐང་།། མ་མོ་སྲིད་པའི་བེ་མ་ལས། རྫོང་མོ་བསྐང་བའི་ལེའུའི་སྐབས་སོ།། ། མ་མོ་ཁ་འབར་ཀོང་སླ་ཅན་བསྐང་བ་སྟེ། བཙུན་མོ་བཞི་བཅས་ཏེ།། ཧཱུཾ་མཁའ་དབྱིངས་ཀློད་ནས་སྲུར་བཞེངས་པའི།། སྲིད་པ་གསུམ་ལ་ད
250b5 བྱེད་པའི།། མངའ་བདག་ཆོས་ཀྱི་དབྱིངས་ནས་བཞེངས།། སྲིད་གསུ་མ་ཐོ་བ་ཟློག་མཛད་པའི་དབང་མོ་ཆེ།། རྟོག་པ་མེད་པའི་ཁང་པ་ནས།། རྟོག་པ་མེད་པའི་ཞག་གཅིག་བཞུགས།། ཅིར་མི་འོངས་པའི་སྤུན་དྲུང་བཞི།། གསང་བའི་དབྱིངས་ནས་སུ་བསྐྱོད་ན
250b6 ལྕགས་མཁར་བུ་བཞི་ཁྱམས་བརྒྱད་ན། གཡུ་ཡི་པད་ལ་གསེར་སྒྲོ་བཙལ།། བློན་མོ་ཆེན་མོ་ཁྱོད་བཞུགས་ཏེ།། འགྲན་ཟླ་མེད་པའི་ཁ་བློན་མཛད།། སྐྱེ་བ་མེད་པའི་བྱུག་ནས།། སྐྱེ་བ་མེད་པའི་སྲ་འབྲངས་ཏེ།། ལས་ནི་སྣ་ཚོགས་རྣམ་བ
250b7 མཛད།། བལྟར་མེད་སྒྲ་ནི་རི་རབ་ཙམ།། འབྱུང་བ་ལྔ་ནི་སྲུབསྐྱེད་དེ།། འབྱུང་བ་ནམ་མཁའ་སྟོང་པ་སྟེ།། ལྕགས་མཁར་གྲུ་བཞི་སྟོང་པའི་ངང་།། སྟོང་པའི་ངང་ལས་སྲུ་འཁྲུངས་པས།། སྟོང་པ་སྟོང་པའི་ཐུགས་དམ་བསྐད།། ཡེ་མེད་ཚུར




iiif viewer powered by OpenSeadragon

250a - 251a

Texts on this page

Gdg024.12 - srid pa'i bem