| | e-texts navigator
|
163b1 དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། བཅོམ་ལྡན་འདས་རྣལ་འབྱོར་ཆེན་མོ་རལ་པ་གཅིག་མ་ལ། བཆོད་པ་དབུལ་བའི་ཐབས་དག་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་བའི་བདག་པོ་འདི་དག་ནི་ཕྱག་ན་རྡོ་རྗེ་ཉིད་ཀྱི་ཁྱད་པར་ཏེ། བྱང་ཤང་ཀྱི་རི་རབ་ཀྱི་སྟེང
163b2 ཡོངས་འདུའི་ཤིང་ལ་གནས་པ། གནོད་སྦྱིན་མོ་དམ་ཅན་གྱི་ཚུལ་དུ་གནས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འཁོར་མང་པོ་མཐུ་ཆེ་བ། དེ་རང་བཞིན་གྱི་གནས་ནས་བཅུག་པ་བསྟིམ་པ་དང་། གཉིས་སུ་མེད་པར་བྱ་སྟེ་མཆོད་པ་ནི། སྤྱན་དྲངས་ཏེ་མཆོད་པ་དང་། འདིར
163b3 གས་རྗོ་། གྷུ་ན་། གས་ཡ་ས། རྣ་ལ་ལདུན་སྨྲ་པ་བཐུན་གི་ས་། དཀྱི་ག
163b4 མ་རིག་མུན་བ་སེལ་བའི་རྟགས།། ལྟེ་བའི་དཀྱིལ་ནས་ཧཱི་ཤར་བས།། ཤེས་རབ་ཉི་མས་སྡུག་བསྔལ་རྒྱ་མཚོ་སྐམས།། སྤྱན་ནི་སྐར་ཆེན་ཤར་བ་འདྲ།། ལྷན་རྩ་དམར་ལ་ཐང་མིག་ཅན།། ཕྱག་གཡས་ཚུབ་མ་པ་སྣམས་པ་ནི།། རླུང་དམར་ནང་ནས་རལ་གི་འབྷྲིད།།
163b5 མུར་མགྱོགས་རྫུ་འཕྲུལ་འགྲོ་བའི་རྟགས།། གཡོན་པའི་ནེའུ་ལེ་བསྣམས་པ་ནི།། མི་མགོ་བཅད་ནས་སྦེད་པའི་སྨོད།། ཡན་ལག་བཞི་ནི་བསྐུམ་པའི་ཚུལ།། མ་གཅིག་ཐུགས་དམ་ཞལ་ཟས་སྣོད།། མ་ལ་བྷནྡྷ་བཅུད་ཡངས་པའི།། འཁོར་ཡུག་བཅས་པའི་འཇིག
163b6 ན་ནི།། གསོལ་ལོ་རོལ་ཅིག་དགྱེས་པར་མཛོད།། མ་གཅིག་ཐུགས་དམ་ཞལ་ཟས་འདི།། བསད་པའི་ཤ་དང་མྱོས་པའི་ཆང་།། བཅོས་པའི་ཤ་དང་ཁུ་བ་ཁྲག། བསྲེགས་པའི་གསུར་དང་རློན་པའི་ཤ། གློ་སྙིང་ནང་རོ་ཡ་མཁལ་མར་བཅས།། ཆུ་མ་རྐང་དང་རུས་པ་དང་།
163b7 དམར་གྱི་ཨ་དྷི་རྒྱ་མཚོར་བསྐྱིལ།། གསོལ་ལོ་རོལ་ལོ་དགྱེས་པར་མཛོད།། དུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ།། སརྦ་ཤ་ཏྲུཾ་མཱཾ་ས་ཙིཏྟ་གོ་རོ་ཙན་ཁ་རི་ཁཱ་ཧི། མི་དབང་འབྲས་བུ་སྨིན་པའི་ཤཆེན་དང་། ཤི་ཀའི་མཚབ་ཉིག་དམར་པོ་དང་། ཤིང་ལོ་རླུང་ཁྱེར་ས་ཡང་རེག་དང་།
iiif viewer powered by OpenSeadragon
163a - 164a