e-texts navigator
Collection
Volume
Page
Wylie

162b1 གཉིས་ཀ་གང་སྒོས་རྫོགས་པའི་ཕྱག། སུ་ནི་ཐམས་ཅད་དབྱིངས་སུ་གཅིག། དཀྱིལ་འཁོར་འདི་ཡིས་ལས་རྣམས་བྱེད།། རྣལ་འབྱོར་དབང་ཕྱུག་ཆེན་པོ་རལ་གཅིག་མའི་རྒྱུད་ལས། དབང་བསྐུར་བ་དང་། དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་དང་པོའོ།།
162b2 དེནས་གསང་བའི་བདག་པོས་གསོལ་པ། བཅོམ་ལྡན་འདས་སྦྱིན་སྲེག་གི་ལས་ཀྱི་སྦྱོར་བ་ཇི་ལྟ་བུ་གྲུབ་པ་བསྟན་དུ་གསོལ།། བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་བའི་བདག་པོ་འདི་ལྟ་སྟེ།། དཀྱིལ་འཁོར་ཆེན་པོའི་ཤར་ལྷོ་འམ།། ཡང་ན་བྱང
162b3 ཤིང་ཉིད་ཀྱང་རུང་།། དེ་བཞིན་ལྷོ་དང་ནུབ་ཏུ་ཡང་།། གཟུང་འཛིན་བདག་པོ་ཞལ་བྲི་སྟེ།། མདོག་ངན་ཁམ་ནག་ར་ལ་པ་ཅན།། ཤེལ་མིག་ཁྲོ་གཉེར་ཁ་ཟུར་གསུམ།། ཚེར་མ་ཅན་གྱི་ཤིང་དག་ལ།། དུག་ཤིང་བརྩེགས་པས་ཡམ་ཤིང་བྱས།། གནོད་པའི་མི་བདུ
162b4 མ་རྣམས།། རེ་རེའི་སྔོན་དུ་གསང་སྔགས་ལྡན།། བདག་ཉིད་འདོད་ལྷའི་ང་རྒྱལ་གྱིས།། རང་བཞིན་གནས་ནས་དགུག་དང་གཞུག། གཞན་ཡང་བྱས་ཏེ་རྟེན་འབྲེལ་ནི།། གླང་ཆེན་ཀླད་པ་མི་དབང་ཤ། བྱ་རོག་འུག་པ་ཤྭ་ཚིལ་དང་།། ཤ་ཁྲག་རོ་ཡི་དུར་ཁྲག
162b5 སོགས།། སྦྱར་ནས་བཏབ་པའི་སྔགས་འདི་ཡིན།། ཨོཾ་ཙ་བ་ལ་ཨ་ཤུག་མེ།། སརྦ་ཤ་ཏྲུཾ་ཨ་མུ་ཀཾ་ད་ཧ་ད་ཧ། པ་ཙ་པ་ཙ། བྷསྨིཾ་ཀུ་རུ་ཀུ་ཙུ་ཧཱུཾ་ཕཊ། མེ་ནི་སྔོ་ནག་དམར་བ་ཡིན།། ལྗང་ནག་དུད་ཁ་གཙུག་ཏུ་འཁྱིལ།། ཁམ་པའི་ཚུབ་མ་ལུ་བྱེད་འདྲ།
162b6 ཆུབ་མ་ཚེ་ཞིང་ཙཅི་འགྲོ།། བབ་པའི་མེགྱེ་ལྟེ་ཟླ་ནི།། དྲག་ཟོར་སྦྱིན་བསྲེགས་པ་ཡིན།། དྲུག་བྲོ་ཀྱི་ཡི་ཞི་གནས་ལ།། བདུན་ནཱ་གང་གི་སྦྱིན་བསྲེག་འགྲུབ།། རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་པ་གཅིག་མིའི་སྤྱད་པས། སྤེན་བསྲེག་གི་འའུ
162b7 གཉིས་པའོ།། ། ཕྱག་ནི་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་རྣཔ་འབྱོར་ཆེན་མོ་རལ་གཅིག་མའི་དང་ཆོག་འི་ལྟ་བླ་ལ་གས། བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་བའི་བདབ་པ་ལ་པ་གཅིག་པའི་དབཆོག་ནི་ན་ཏུ་སྟེ།




iiif viewer powered by OpenSeadragon

162a - 163a

Texts on this page

Gdg024.11 - rnal 'byor dbang phyug chen mo ral gcig ma'i rgyud