| | e-texts navigator
|
161b1 པར་ཤེས་ན། ཁྲོད་སྦྱོར་བ་གཉིས་དང་ལྡན་པ་རུ། རྒྱུད་ཡོངས་སུ་གཟུང་བའི་སྦྱོར་བ་དང་། དཀྱིལ་འཁོར་རྣམ་པར་འཛིན་པའི་བདག་པོ་བྱོས་ཤིག། དེ་ནས་གསང་བའི་བདག་པོས་ཚུལ་གཉིས་མ་སྙོམས་པར་ཞུགས་ཏེ། གཅིག་པ་ནི་དེ་བཞིན་གཤེགས་པ
161b2 པད་དུ་ཐལ་མོ་གྱུར་སྲིན་མོའི་ཚུལ་དུ་སྒོར་དབང་ནོད་པར་སྦྱར་ཏེ།། གཉིས་པས་ནི་སྟོན་པ་ལ་རྒྱུད་ཀྱི་དོན་ཡང་དག་པར་དྲི་བར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པས་ཉི་ཟླའི་སྟེང་ལྷ་མོ་བཅུ་དྲུག་བཞུགས་ནས་ཧ་དང་ཏེར་གྱུར་པ་རྣམས་ཡིག་འབྲུ
161b3 བལྡག་པ་དང་། རྒྱུ་དང་རཱཿ་དང་ཅག་མཚན་རྣམས་རིམ་པར་རྫོགས་ཏེ། ཐུག་པའི་མགོ་ལ་ཐུག་པ་རྣམས་གསང་སྔགས་འདིས་བྱིན་གྱིས་བརླབས་སོ།། བཛྲ་ཀ་དྷྲྀ་ཙི་རཱི་པྲ་མ་ཧ་བེ་ཏ་ལཱྀ་པུཀྐ་ལཱྀ་གྷ་སྭ་རཱི་པཱ་ཤ་དྷི་ཙཎྜ་ལཱི། སིཏྟ་མུ་ཥཱ།
161b4 བུའི། ཤཱ་ན་ས་ཝ~ཾ། བ~ཾ་ཏ་པྲ་མཱཾ། ཀན་ཏྲ་བྷྱཱཾ། ཀཱཀ་པུ་ཝེ། ཨུ་ལཱ་ཀ་མྲ་ཁཱི། ཨ་ཧཱུ~ཾ། ཞེས་གསུངས་པ་དང་། དམ་ཚིག་གི་ལྷ་མོ་དགྲ་བཅུ་བདུན་ཕྱུག་སམ་ཅུ་རྩ་གཉིས་དང་ལྡན་པར་གྱུར་ཏོ།། གསང་བ་ལས་ཟུར་དི་ད་པ།
161b5 དེས་རྣམས་ཀྱིས་དབང་བསྐུར་བ།། རྫོགས་པའི་ཚུལ་གྱིས་ཕྱག་རྒྱ་ཆེ།། བྱིན་རླབ་གཉིས་མེད་ཐོབ་པར་ཤོག། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། བཅོམ་ལྡན་འདས་དེའི་དཀྱིལ་འཁོར་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་གསུངས་པ།
161b6 མུ་ཁྱུད་དང་བཅས་པ།། རྣམ་པར་དག་པ་དག་ཉིད་ཀྱིས།། དཀྱིལ་འཁོར་ལྷ་ཡང་བྱིན་གྱིས་བརླབ།། ཡེ་ཤེས་འབར་བའི་འཁོར་ལོ་བཞི།། དཀྱིལ་འཁོར་རྣམ་པར་དག་པའི་གནས།། གཞལ་ཡས་ཁང་གི་བར་ཁྱམས་ནི།། བུ་ཆད་རྩིབས་མཚམ་ས
161b7 བཅས་པའོ།། ཡུལ་དང་ཤེས་པ་རྣམ་པར་དག། དཀྱིལ་འཁོར་ལྷནི་སྒོ་བཞིའོ།། འདི་ལྟ་སྟེ། དཀྱིལ་འཁོར་གྱི་ལྟེ་བ་དང་། འཁོར་ལོ་དང་། བ་ཁྱམས་དང་། སྒོ་ཁྱུད་དང་། ལྕགས་རི་དང་། རྡོ་རྗེའི་ཕྲེང་བ་དང་། མེའི་ཕྲེང་བ་དང་། དྲབ
iiif viewer powered by OpenSeadragon
161a - 162a