e-texts navigator
Collection
Volume
Page
Wylie

160b1 ཞུག་ནི་བདུན་བདུན་པ།། གསང་སྔགས་པཀྱུ་ཕྲག་རེ་རེ་བཟླས།། བསད་པའི་སྔགས་དང་སྤེལ་བྱས་ན།། མྱུར་དུ་འཕོ་བར་ཐེ་ཚོམ་མེད།། བསད་པའི་མཆོག་ཏུ་རྩུ་བ་ནི།། ཤ་དང་རུས་པ་ཁྲག་ལས་ས།། བྱས་པའི་དཀྱིལ་འབར་ཆེན་པ་ཡང་།། ཛད
160b2 པོ་བདུན་རྩེགས་དག་ཏུ་བྱ།། དྲག་སྡིགས་བདུན་གྱིས་ཞག་བདུན་དུ།། ཤིན་ཏུ་བཏུད་དེ་ལས་བྱའོ།། ནག་པོ་ཆེན་པོ་གཅེར་བུའི་ཆུད་ལས། དྲག་སྔགས་བདུན་གྱིས་གསད་པའི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་ལྷའི་བུས་གསོལ
160b3 པ། ལེགས་སོ་ལེགས་སོ་ལེགས་པར་གསུངས།། བསྟན་པ་བསྲུང་བའི་དོན་དུ་གསུངས།། གཟུང་ངོ་གཟུང་ངོ་དམ་དུ་གཟུང་།། བསྟན་པ་གནས་པར་བྱ་ཕྱིར་གཟུང་།། དེ་ནས་གསང་བདག་བཀའ་སྩལ་པ།། ནག་པོ་ཆེན་པོ་དྲག་པོ་འདི།། གས
160b4 སྔགས་དམ་པ་གནས་པ་དང་།། བསྟན་པ་ཡུན་དུ་བསྲུང་བའི་ཕྱིར།། ལྷ་ཡི་བུ་ཉིད་ཁྱོད་ཀྱིས་གཟུང་།། དཀོན་མཆོག་གསུམ་པོ་འཇིག་རྟེན་དུ།། ནུབ་པར་མི་འགྱུར་བྱ་བའི་ཕྱིར།། བསྟན་པ་བསྲུང་བའི་རྒྱུད་མཆོག་འདི།། སྐུ་གསུང་ཐུགས་ལ
160b5 མཛད་དེ།། ལས་ཀྱི་མགོན་པོ་ཁྱོད་ལ་གཏད།། ལས་ཀྱི་མགོན་པོ་ཐམས་ཅད་ཀྱང་།། མཐུན་པར་རྗེས་སུ་ཡི་རངས་ཏེ།། བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ།། ནག་པོ་ཆེན་པོ་གཅེར་བུའི་ཆུད་ལས་གཏད་པའི་ལེང་སྐྱེ་བཅུ་གཉིས་པའོ།།
160b6 ནག་པོ་ཆེན་པོ་གཅེར་བུའི་རྒྱུད་རྫོགས་སོ།། ། རྒྱ་གར་སྐད་དུ། ཨེ་ཀཱ་ད་ཏི་མ་ཧཱ་ཡོ་བཱི་ཤྭ་རཱི་ཏནྡ། བོད་སྐད་དུ། རྣལ་འབྱོར་དབང་ཕུག་ཆེན་མོ་ར་ལ་གཅིག་མའི་རྒྱུད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག
160b7 འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རང་བཞིན་གྱི་གནས། ཡུམ་གྱི་བྷ་ག་རྣམ་པར་དག་པའི་དབྱིངས་ན་བཞུགས་སོ།། ཉིད་ལའ་མི་གཞན་པའི་དེ་བཞིན་གཤེགས་པད




iiif viewer powered by OpenSeadragon

160a - 161a

Texts on this page

Gdg024.10 - nag po chen po gzugs can gcer bu'i rgyud
Gdg024.11 - rnal 'byor dbang phyug chen mo ral gcig ma'i rgyud