e-texts navigator
Collection
Volume
Page
Wylie

160a1 ཕྱག་ལ་གཏད་པས།། བདུད་རྩི་དྲག་སྔགས་མཐུ་བོ་སྟེ།། བདུད་ཀྱི་ཡུལ་ཡང་དར་འཇིག་སྙམ།། ལུས་ཀྱང་རུལ་པ་ཉིད་དུ་དོགས།། རྡོ་རྗེ་ཅན་དྲག་ཉིད་ལ་ཕུལ།། དེ་ནས་ཀླུ་ཡི་རྒྱལ་པོ་ནི།། ཆུལ་རིགས་ཆེན་པོ་ལ
160a2 གཏད་པས།། ཀླུ་ཡིས་དྲག་སྔགས་མ་ཐུག་སྟེ།། རྒྱ་མཚོ་ཆེན་པོ་སྐམས་པར་འགྱུར།། ཀུ་ཡི་ལུས་ཀྱང་དུལ་བར་དོགས།། རྡོ་རྗེ་ཅན་དགཉིད་ལ་ཕུལ།། དེ་ནས་རྡོ་རྗེ་འཆང་ཆེན་དེས།། ལྷ་ཡི་མགོན་པོ་ནག་པོ་ལ།། སྲགསུང་ཐུགས་ཀྱི་དབང་བསྐུར་ན
160a3 ག་སྔགས་བདུན་པ་དེ་ལ་གཏད།། སངས་རྒྱས་བསྟན་པ་བསྲུང་དུ་བཅུ།། དེ་ནས་འང་མབྲིང་བྱང་ཚུགས་ཀྱི།། རང་དྲུང་ཆུན་གྱིས་ཐུབ་པ་ཡི།། མ་ཧཱ་པོ་དྷིའི་བསྟན་ལུང་མཛད།། ནག་པོ་ཆེན་པོ་གཅེར་བའི་ཆུང་ལས། སྔགས་རྩེ་ལེའུ་སྟེ་བཅུ་བའོ།།
160a4 ནས་ནག་པོ་ཤིན་ཏུ་གས་དུ་བའི་དྲག་སྔགས་འདི།། རྡོ་རྗེ་ཡེ་ཤེས་མགོན་པོ་ཡི།། བུ་གསུང་ཐུགས་ལ་བྱུང་མཛད་དེ།། ལས་ཀྱི་མགོན་པོ་ཉིད་ལ་བཏུང་།། ཨོཾ་མ་ཧཱ་ཙཏྟ། ཨོཾ་མ་ཧཱ་ཀཱ་ལ་ཏྲག་ཤྭད། ཨོཾ་མཱ་ཧཱ་ཀཱ་ལ་ཡག་། ཨོཾ་མ་ཧཱཀྵ་ལ་རུ་ཛ།
160a5 ཨོཾ་མ་ཧཱ་ཀཱ་ལ་སིད་དྷི། ཨོཾ་མ་ཧཱ་ཀཱ་ལ་ཡཾ་དུ་། ཨོཾ་མ་དྷུ་ཀཱ་ལ་ནརིང་། ཞེས་ནི་རྦད་པའི་དྲག་སྔགས་བདུད།། གས་པའི་དྲག་སྔགས་བདུན་པོ་ནི།། ཆེ་གེ་མོ་རྗེ་ཟི་ལ་ཝར་ཡ་ཕཊ།། ཆེ་བའི་ནད་དཀྱིས་བསད་པའི་མཆོདག།། གང་ལ་དམིགས་པའི་གཟུགས
160a6 ཟས་ཏེ།། བསད་པའི་ཐགས་ཀྱ་རྫས་སྔ་གསུམ།། མཚོན་ཆ་དག་ནི་རྣམ་པ་ལ།། ཟངས་རྩོད་ཀྱི་ལྤགས་རྩེ་དང་།། ཟིར་ཡུངས་ཀར་མཚོན་དབྱེ་བསཏ།། ཇུག་ཅང་རྔང་གྲོམ་བགྲུབ་པའི་འཇབ།། ཚབ་གསུམ་གྱི་ཐུན་གྱིས་བརྡེག། ཏི་བུང་མཚན
160a7 གུང་ལན་གསུམ་དུ།། བདག་ཉིད་གཅེར་བུར་བྱུང་ནབ་ནི།། ནག་པོ་ཆེན་པོའི་ཏིང་འཛིན་ནི།། ཞིང་གི་དཀྱིལ་ནས་གཡོ་བཅད་འཇུག། པྲི་ན་རྣོན་པོ་ཤད་པའི་ཟིས།། དགྲ་གཟུགས་གཟུབས་ཏེ་མེ་པ་འསྲེག། ཡང་ནི་པདྨ་བཅང་བྱས་ཏེ།། དེ་བཞིན




iiif viewer powered by OpenSeadragon

159b - 160b

Texts on this page

Gdg024.10 - nag po chen po gzugs can gcer bu'i rgyud