| | e-texts navigator
|
159a1 དྲག་གིས་བྲི་བ.རཿ།། ལྟེ་བཟློག་གི་འཁང་པོར་བཅས།། སྣ་ཚུགས་རྡོང་ཐོད་པས་བརྒྱན།། སྲོག་གི་སྔགས་དང་སྤེལ་བར་བྱ།། སྟེང་གི་ལཱི་ཁང་བདུད་མོ་ཞུམ།། སྣ་ཚོགས་པ་དྨ་ཟད་དྲོན་དང་།། ཐོག་གི་སྔགས་དང
159a2 བཅས་པ་བྲི།། ཡབ་ཀྱི་འཁོར་ལོའི་རྩིབས་ལ་ནི།། ལས་ཀྱི་མགོན་པོ་དྲེགས་པ་པོ་བརྒྱད་དྲག་ཚིག་བྲི།། ཡུམ་གྱི་འཁོར་ལོའི་རྩིབས་ལ་ནི།། དུར་ཁྲོད་མ་དྲུག་བདུད་མོ་དང་།། བདུད་མོ་བདུན་གྱི་སྔགས་ཀྱིས་བརྒྱན།། ཡབ་ཡུམ་ཞལ་སྦྱར་འ
159a3 ལོའི་བར།། བསྟན་པ་འཇིག་པའི་གཟུགས་བཅུག་ལ།། དེ་ནས་བྱད་ཐག་ནག་པོས་བཏགས།། སྔགས་པ་བདག་གིས་གཟུང་བར་བྱ།། ཉུང་དཀར་རྒྱལ་པོ་ལག་ཏུ་ཐོགས།། བདག་ཉིད་ཡེ་ཤེས་རྡོ་རྗེ་ཅན་དུ་བསྒོམ།། མདུན་དུ་མགོན་པོ་འཁོར་དང
159a4 བཅས་པ་སྐྱེད་པ་ནི། མགོན་པོ་ནག་པོ་ཆེན་པོ་ནི།། ལྷ་དང་ཀླུ་དང་གནོད་སྦྱིན་དང་།། སྲིན་པོ་བདུད་དང་གིང་དུ་བཅས།། ལག་ན་གྲི་རེ་ཐོགས་པ་རེ།། ཀུན་ཀྱང་བོས་ན་འོང་བར་བསམ།། ལྷ་མོ་ཀླུ་མོ་གནོད་སྦྱིན་མོ།།
159a5 སྲིན་པོ་བདུད་མོ་སྒྲོལ་གིང་མོ།། དཔལ་ལྡན་ལྷ་མོ་ཉིད་དང་ནི།། ཀུན་ཀྱང་ཞགས་པ་ཐོགས་པ་རེ།། ཀུན་ཀྱང་བོས་ན་འོང་བར་བསམ།། གཏོར་མ་བྱིན་ཏེ་ཐོད་པར་བསྟིམ།། བདག་ཉིད་ཡེ་ཤེས་མགོན་པོ་ཡིས།། ལས་ཀྱི་མགོན་པོ་ཐམས་ཅད་གཟིར་།།
159a6 ཨོཾ་མ་ཧཱ་ཀཱ་ལ་སྨཻ་བཱན་བྱིན་ནོ་སྙིང་ལ་ཡ། སུ་ཧྲིཾ་ཙིཏ་རྦད་བྷྲཱུ~ཾ་ཧཱུཾ་ཕཊ་ཕཊ། མ་ཧཱ་ཀཱ་ལ་ཏྲི་ཡང་བྷྱོ། བྷོ་ནོ་ཚོལ་པ་ཏྲི་ཡང་ངོ་། ལས་ཀྱི་མགོན་པོ་ཟད་པའོ།། ཨོཾ་ཨུ་དུམ་ཏི་ཧཱུཾ་ཕཊ། ཨོཾ་ཨ་ཤ་མ་ཧཱུ~ཾ་ཕཊ། ཨོཾ་ཨ་ཀེ་དུན་ཧཱུཾ་ཕཊ། ཨོཾ་ར་ཏྲི་ཤ་མ་ཧཱུ~ཾ་ཕཊ། སཱ
159a7 ཤན་ཧཱུ~ཾ་བིཊེ། ཨོཾ་ཨ་ཤོ་མུ~ཾ་ཧཱུཾ་ཊ། ཨོཾ་མ་ཧཱཀྵ་ལ་བྲུ~ཾ་ཕཊ། མངང་བདག་མགོན་པ་ཉིད་དང་ནི།། སྒྲ་དང་ཀླུ་ཡི་དག་ཚིག་འདི།། པོ་ཡི་རྦག་སྔགས་བདུན་པདོ།། མོ་གྷ་ཧེ་ག་རི་ག། ཏ་ནི་ག། ཨོཾ་གྲོ་ཤོན་ནི་ཤག། ཨོཾ་ག་ཏྲི་ག་ནི་ཤཿ
iiif viewer powered by OpenSeadragon
158b - 159b