e-texts navigator
Collection
Volume
Page
Wylie

158b1 པ།། གྱི་ཡི་རྟན་དུ་གཟུང་བར་\ུ0f7f།། མཁའ་ནག་གོས་ནག་བརྒྱན་པ་ནི།། ནང་གི་རྟེན་དུ་གཟུང་བར་བྱ།། སེང་ལྡེང་འམ་ནི་ཚོར་མ་ཅན།། བ་ཤིང་ནག་པ་འདམ་གང་པ།། རྩེ་མོ་དག་ནམ་ལྕགས་མདའུ་གཟུགས་པ།། རྩུབ་ཅུ་རྒོ་མྱོ་ཡི་རྒྱན།། རྗེནད་ཅིང་།
158b2 ལ་དང་ནག་བརྒྱན།། དྲི་ཞིམ་སྤོས་དང་སྨན་སྣ་ཚོགས།། གཞན་ཡང་སྙིང་གི་ཕྲེང་བ་དང་།། བསད་པའི་སྲོག་གི་སྙིང་པོ་དང་།། བདག་ཉིད་གསང་མཚན་ཨ་མྲྀ་ཏ།། གཞུའམ་གབ་ཅོར་སྩལ་ཏེ་གདགས།། གསང་བའི་དཀྱིལ་འཁོར་གནས་གཟུགས་ཏེ།
158b3 གཞན་ལ་བསྟན་པ་མ་ཡིན་ནོ།། ནག་པོ་ཆེན་པོ་གཅེར་བུའི་རྒྱུད་ལས། རྟེན་ཐམས་ཅད་བསྟེན་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་ལྷའི་བུས་གསོལ་པ། དེ་ལྟར་བསྙེན་ཅིང་བསྒྲུབ་པ་ཡི།། རྡོ་རྗེ་མགོན་པོ་ནག་པོ་དེ།། བྱ་བ་དེ་ལས་ལ
158b4 ཇི་ལྟར་སྦྱར།། འདོད་པའི་དངོས་གྲུབ་ཅི་ལྟར་བླང་།། རྡོ་རྗེ་ཅན་གྱིས་བཀའ་སྩལ་པ།། འདི་ལ་ཕྱི་ནང་རྣམ་པ་གསུམ།། ཕྱི་ལྟར་དངོས་གྲུབ་གྲུབ་པ་ནི།། པདྨ་ཆེན་པོ་དེ་དབུས་སུ།། རྡོ་རྗེ་མགོན་པོ་སྤྱན་དྲངས་ཏེ།། ཞལ་ཟས་སྣ་ཚོགས་མདུན་བསགས
158b5 ཧེ།། གསང་སྔགས་རྒྱལ་པོ་རྫོགས་པ་དེ།། དངོས་གྲུབ་སྔགས་ནི་ཁྲི་ཕྲག་གཅིག། དེ་རུ་བཟླས་པ་བྱས་པ་ཡིས།། ཡིད་ལ་ཅི་བསམ་འགྲུབ་པར་འགྱུར།། ཨོཾ་མ་ཧཱ་ཀཱ་ལ་དེ་བ་སིད་དྷ་ཡན་ཛ། མ་མ་སིདྡྷི་གུ་རུ། ཞེས་བཟླས་སོ།། འདི་བཟླས་པས་ཁམ
158b6 གསུམ་གྱི་རྒྱལ་པོར་འགྱུར།། བུ་དང་བུ་མོའི་རིགས་ཀྱད་འཕེལ་བར་འགྱུར།། ནད་དང་སྡུག་བསྔལ་ཞི་བར་འགྱུར་རོ།། ཡིད་ལ་བསམས་པ་ཐམས་ཅད་འགྲུབ་པར་འགྱུར་རོ།། ནག་པོ་ཆེན་པོ་གཅེར་བུའི་རྒྱུད་པས། དངོས་གྲུབ་སྒྲུབ་པའི་ལེའུ་སྟེ་བརྒྱད
158b7 པའོ།། ། དེ་ནས་ནང་གི་དངོས་སུའི་དམ་པ་ནི།། བསྟན་པ་འཇིག་པའི་དྲུ་ཐལ།། ཕས་ཀྱི་མགོན་པོ་རྦང་པ་ནོ།། རབ་ས་ཆད་ཐོད་པ་མཚན་ནལ།། གཤེགས་ཏེ་ལེག་པར་སྟུག་པ་དང་།། ཨེག་པ་སྲོག་བདུད་ཆེན་པོ་ཡབ།། ཁྲག་དང




iiif viewer powered by OpenSeadragon

158a - 159a

Texts on this page

Gdg024.10 - nag po chen po gzugs can gcer bu'i rgyud