| | e-texts navigator
|
158a1 པ་སྣ་ཚོགས་བཅས་པ་ཡི།། བདུད་ཀྱི་རྒྱལ་པོའི་སྐུ་ཡང་གཞག། མཚམས་དང་བྱ་བའི་རིམ་པ་ཡང་།། ནང་ཆུད་མཐུན་ཏེ་ལེགས་པར་བྱ།། བདག་ཉིད་ཡེ་ཤེས་རྡོ་རྗེ་ཅན།། ཁྲོ་བོའི་ཚུལ་ཅན་ལགས་པར་བསྐྱེད།། ཧཱུ~ཾ་གི
158a2 ཡི་གེ་ལ་སོགས་པར།། དུར་ཁྲོད་དཔལ་གྱི་རྒྱན་ཆར་ལྡན།། འབར་བའི་གར་དགུས་བརྗིད་པའོ།། རྡོ་རྗེ་མགོན་པོ་ནག་པོ་ཡང་།། ནག་པོ་རཾ་གྱི་ངོ་བོ་ལས།། ནག་པོ་གཅེར་བུ་འཇིགས་པའི་སྐུ།། སྦྲུལ་དང་ཐོང་དྲོན་ཕྲེང་བས་བརྒྱན།། ཁ་གདངས་མཆེ་བ་དམ
158a3 པོ་གཙིགས།། ལྕེ་འདྲིལ་དུག་གི་ཁ་རླངས་འཐུལ།། མེ་དང་དུག་གི་སྐྱུག་རྩུཔ་སྐྱུགས།། སྤྱན་གསུམ་མེ་འབར་ཚ་ཚ་འགྲོ།། གཡས་ན་ཁ་ཊྭཱཾ་བདུད་རིགས་འཛིན།། གཡོན་ན་གློ་སྙིང་དགྲ་བོ་གསོད།། གསོད་པར་བྱེད་པའི་མཆོག་ཏུ་བསྒོམ།། སྤྱན་དྲང
158a4 བཞུགས་དང་མཆོད་པ་ནི།། སྔགས་པའི་ཏིང་འཛིན་གསལ་བར་བྱ།། ཨོཾ་མ་ཧཱ་ཀཱ་ལ་ཧཱུཾ་ཧཱུཾ་རུ་ཛ་རུ་ཏྲ་ཧྲིཾ། ཨ་གད་ཛ་ས་མ་ཡ་སྟྭཾ། སརྦ་པཉྩ་ཨ་མྲྀ་ཏ། ཨོཾ་མ་ཧཱ་ཀཱ་ལ་མཱཾ་ས་ལ་ཁཱ་ཧི། རཀྟ་ཙིཏྟ་བ་སུ་ཏ། བྷ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཙཎྜ་མ་ཧཱ་ཀཱ་ལ་དི་ལིན་དྷ་བྷ་ལི།
158a5 ཁཱ་ཧི་ཧཱུཾ་ཕཊ་སྭཱ་ཧཱ།། དེ་ནས་སྲོག་གི་སྙིང་པོ་ནི།། ཁྲི་ཕྲག་གསུམ་གྱིས་ལས་རྣམས་འགྲུབ།། རྡོ་རྗེ་མགོན་པོ་ནག་པོ་ཉིད།། འགྲོ་བའི་གདུག་པ་འདུལ་བའི་ཕྱིར།། བདུད་ཀྱི་རྒྱལ་པོ་ཆེན་པོ་ཉིད།། ཐོད་པའི་ཕྲེང་བ་ཅན་དུ་མཛད།། ཨོཾ་མ་ཧཱ་ཀཱ་ལ་རུ་ཏྲ
158a6 སིད་དྷི་ཡཾ་དུང་།། གོང་གི་སྔགས་འདི་བཟླས་པ་དེ།། སྡང་བ་ཐམས་ཅད་གསད་པ་ཡི།། དངོས་གྲུབ་ཆེན་པོ་སྣང་མ་མཛད།། གསང་བའི་བདག་པོའི་མཐུ་དང་མཚུངས།། ནག་པོ་ཆེན་པོ་གཅེར་བུའི་རྒྱུད་ལས། གསང་བའི་ཚུལ་དུ་མགོན་པོ་བསྒྲུབ
158a7 པའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་ལྷའི་བུས་ཞུས་པ་བསྟེན་པའི་ཐབས་ནི་གང་ལ་བགྱི།། གསང་བའི་བདག་པོ་ཆེན་པོ་ཡིས།། མགོན་པོ་བསྟེན་པ་བཀའ་སྩལ་པ།། ཕྱི་རྟེན་ནང་རྟེན་གསང་བའི་རྟེན།། གཡག་དཀར་ལུག་ནག་ཏུན་བྱས
iiif viewer powered by OpenSeadragon
157b - 158b