| | e-texts navigator
|
156a1 གསུམ་བྱིན། སྐྱེ་འགྲོ་ཐམས་ཅད་ཀྱི་ཚེ་དང་ལོངས་སྤྱད་ལ་དབང་ཐོབ་པའི་རྟགས་སུ་ལྷག་པ་གཡོན་པར་གློ་སྙི་བྱིན་ནོ།། དབང་བསྒྱུར་ཆེན་པོས་གསང་བའི་དབང་བསྐུར་བ་འཆ། སྲ་མ་ཡིན་གྱི་རྒྱལ་པ་ཤར་ན་ཏར་དུ་བད
156a2 ཤུ་དང་། ཨཱརྱ་ཀྲ་མ་དང་གསུམ་རྡུལ་དུ་འདྲག་པར་བྱའོ།། ལྷ་མ་ཡིན་གྱི་གྲོང་ཁྱེར་སུམ་བརྩེགས་ཀྱང་བརླག་པར་བྱས་སོ།། གཞན་ཡང་གསང་བ་སྔགས་ཀྱི་མཐུ་ཆེན་པོས་ནག་པོའི་ཕྱོགས་ཐམས་ཅད་བཏུལ་ཏེ། དཀར་པོའི་ཕྱོགས་ཀྱི་བསྟན་པ་སྤོང་བར
156a3 གཏད་དོ།། ནག་པོ་ཆེན་པོ་གཅེར་བུའི་རྒྱུད་པས། བྱང་ཚུལ་གྱི་ལེའུ་སྐྱེ་དང་པོའོ།། ། དེ་ནས་འཁོར་དེ་ནས་ལྷའི་བུ་གྲགས་ལྡན་ཕྱོགས་ཞེས་བྱ་བ་གནས་པ་སྟན་ལས་འངས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་གསོལ་པ།། གྷེ། གསང
156a4 བའི་བདག་པོ་ཆེན་པོ་ལགས།། ལྷ་ཆེན་འདི་རུ་དབང་བསྐུར་བ།། ཅི་དོན་ལྷ་མིན་གཅིག་པུ་འམ།། གཞན་དོན་དགོངས་པ་ཡོད་དམ་ཅི།། གསང་བའི་བདག་པོས་བཀའ་སྩལ་པ།། འདི་རུ་ལྷ་མིན་འདུལ་བ་དང་།། མ་འོངས་བསྟན་པ་གཏད་པའི་ཕྱིར།།
156a5 ང་ཡི་སྔགས་ཀྱིས་དབང་བསྐུར་ཏེ།། ང་ཡི་བསྟན་པར་གནས་པ་རྣམས།། རྡོ་རྗེ་མགོན་པོ་ལ་མཆོད་ན།། མོས་པ་དེ་ཡི་བསོད་ནམས་ཀྱང་།། རྒྱལ་པོ་བཞིན་དུ་འཕེལ་བ་དང་།། བསྟན་པ་ཡུན་དུ་གནས་པར་འགྱུར།། ང་ཡི་ལྷ་དང་མི་ཡི་མགོན།། ང་ཡི
156a6 ལྷ་རུ་མེངང་གསོལ་བས།། མ་འོངས་པར་ནི་མཆོད་པ་ཡི།། དགེ་སློང་དེ་ནི་ཕམ་མི་འགྱུར།། ང་ཡི་དྲག་པོ་གས་པ་ལགས་ཀྱིས།། དབང་ཆེན་བསྐུར་བའི་སྔགས་བདག་འདི།། མཆོད་པ་བྱེད་པའི་སྔགས་པ་འདི།། གཞན་གྱི་སྲོག་ལ་དབང་ཐོབ་འགྱུར།།
156a7 རྣམས་ཀུན་གྱི་དེད་དཔོན་པས།། ལྷ་ཡི་ཅལ་པོ་ཞེས་ཀྱང་བྱ།། བསྟན་པ་འཇིག་པའི་སྲོག་གཅོད་པས།། བདུད་རྩི་རྒྱལ་པོ་ཞེས་ཀྱང་བྱ།། སེམས་ཅན་ཀུན་གྱི་དོན་བྱེད་པས།། རྡོ་རྗེ་མགོན་པོ་ཞེས་ཀྱང་བྱ།། སངས་རྒྱས་བསྟན་པ་འཛིན་པས་ན།
iiif viewer powered by OpenSeadragon
155b - 156b