| | e-texts navigator
|
155a1 པ།། དཔལ་ལྡན་ནག་པ་ཅན་པའོ།། བསམ་གཏན་གས་དང་ལྡན་བྱར་ནས། ལྷུང་རྫས་བསྒྲུལ་པར་མཐས་ས།། རྣལ་འཐར་ངས་པར་བྱུང་བར་བཤན།། དཔལ་ལྡན་ནག་བ་སླབ་པདས།། ས་དང་ཤཱ་བྲགས་ན།
155a2 དང་།། མཐུན་པའི་དམརྔས་ལ་སོགས་པ།། དེ་དག་རྟག་ཏུ་སྲ་བར་བྱ།། སྔགས་དང་ཆུད་ཀྱི་དོན་རྣམས་དང་།། ནག་པོའི་བསམ་གཏན་ཚེ་གར་བཅས།། ཀུན་ལ་བསྟན་པར་མི་བྱ་སྟེ།། བདུད་རྩི་ལྔ་དང་བསྲེག་རྫས་དང་།། ཤ་ཆེན་ཏ་ཤ་ཆང་དང་ནི།། དུ
155a3 ལ་དུ་ལ་སོགས་པ།། མཐུན་པའི་དམ་རྫས་ཐམས་ཅད་ནི།། རྟག་ཏུ་རྣལ་འབྱོར་པ་ཡིས་བསྟེན།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། སུ་དང་གྲི་གུག་ཐོད་པ་དང་།། ནི་རངསུ་ལ་སོགས་པ་ནི།། བླ་མས་རབ་ཏུ་གནས་བྱས་ཏེ།། དུས་གསུམ་མཐུན་པའི་རྫལ
155a4 ཀྱིས་མཆོད།། རྟག་ཏུ་ཚོགས་ཀྱི་འཁོར་ལོས་མཆོད།། དཔལ་ལྡན་ནག་པོ་སྲུབ་འདོད་པས།། བླ་མས་རྗེས་སུ་གནང་བར་བྱ། དེས་ནི་དཔལ་ལྡན་ནག་པོ་འགྲུབ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། བསྟན་པ་གནས་པར་བྱེད་པ་ནི།། དམ་ཚིག་ཆེན་པོར
155a5 རབ་ཏུ་བཤད།། ཀུན་པ་བསྟན་པར་མི་བྱ་སྟེ།། གལ་ཏེ་རྨོངས་པར་བསྟན་གྱུར་ན།། ཨརྫ་ཀ་ཡི་འབྲས་བུ་ལྟར།། མགོ་དང་ལུས་པོ་འགས་འགྱུར་ཏེ།། དམྱལ་བར་ངེས་པར་ལྷུང་བར་འགྱུར།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དཔལ་ནག
155a6 པོ་ཆེན་པོའི་ཆུང་ངུར་ཁྲོད་ཆེན་པོ་ཞེས་བྱ་བ་ལས། དམ་ཚིག་གི་ལེའུ་སྟེ་བཅུ་པའོ།། ། དཔལ་ནག་པོ་ཆེན་པོའི་ཆུད་དྲག་པོ་བརྟག་པ་དུར་ཁྲོད་ཆེན་པོ་ཞེས་བྱ་བ་རྫོགས་སོ།། སྔ་ནམ་རྡོ་རྗེ་བླ་མས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།
155a7 རྒྱ་གར་ཐད་དུ། མ་ཧཱ་ཀཱ་ལ་རཱུ་པ་བི་ཀྲན་ཏ་ཏན་ཏྲ་ནཱ་མ། བོད་གད་དུ། ནག་པོ་ཆེན་པོ་གཟུགས་ཅན་གཅེར་བུའི་རྒྱུད་ཅེས་བྱ་བ། རྡོ་རྗེ་མགོན་པོ་ནག་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་བུས་གཅིག་ན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེར
iiif viewer powered by OpenSeadragon
154b - 155b