| | e-texts navigator
|
154b1 པོའི་བཞི་པས་ཡན་ལག་དགོད།། གཉིས་པ་ཡི་ནི་གསུམ་པ་ལ།། དང་པོའི་བཞི་པ་དགོད་པར་བྱ།། གཉིས་པའི་བཞི་པའི་ལྔ་བ་བཞག། བརྒྱད་པ་ཡི་ན་མཐར་ལྡན་པ།། དང་པོའི་གསུམ་པས་ཡན་ལག་བརྒྱན།། དང་པོ་ཐུང་ངུ་ཟླ་བའི་མིག། གཉིས་པའི་ལྔ་པས
154b2 ཐིག་ལེར་བཞག། ཅུང་ཟད་རིང་བའི་སྒྲ་དང་ལྡན།། གཉིས་པའི་ལྔ་པའི་གཉིས་པ་ལ།། གཉིས་པའི་གསུམ་པའི་དང་པོ་བཞག། ཤིན་ཏུ་དྲག་པོའི་སྒྲ་དང་ལྡན།། བརྒྱད་པའི་མཐའ་ཅན་གསུམ་པ་ལ།། གཉིས་པའི་ལྔ་པའི་གསུམ་བག་དང་།། སྡེ་ཚན
154b3 བརྒྱད་པའི་མཐའ་ལྡན་པ།། ཅུང་ཟད་རིང་བའི་སྒྲ་དང་ལྡན།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ་བ་ལས། ཡི་གེ་བཏུ་བའི་ལེའུ་སྟེ་དབུ་པའོ།། ། དེ་ནས་དཔལ་ནག་པོ་ཆེན
154b4 གསོལ་པ། བཅོམ་ལྡན་འདས། སུ་གསུང་ཐུགས་ཀྱི་རང་བཞིན་གྱིས།། དཔའ་ལྡན་ནག་པོ་ཆེན་པོ་ཡི།། དངོས་གྲུབ་ངེས་པར་འགྲུབ་པ་དང་།། ཆོ་གའི་ལས་རྣམས་རྫོགས་པ་ཡི།། འགྲུབ་པའི་དྷ་ནི་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀ
154b5 སྩལ་པ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། དངོས་གྲུབ་ཉེ་བར་འགྲུབ་པའི་ཆུ།། དམ་ཚིག་ཆོ་ག་འདི་དག་ལ།། གནས་པར་བྱེད་པའི་རྣལ་བསྐོར་པས།། དང་པོ་བསམ་གཏན་ཐོབ་པར་འགྱུར།། ཞེས་བཅོམ་ལྡན་འདས
154b6 ཀྱིས་བཀའ་ལྟར་ཏེ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས། དམ་ཚིག་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བླ་མ་སངས་རྒྱས་ཐམས་ཅད་དང་།། དཔལ་ལྡན་ནག་པོ་ཆེན་པོ་ནི།། རྟག་ཏུ་ཡིད་ལ་གནག་པར།
154b7 བྱ།། དཔའི་དྲན་ད་པོ་ཆེན་པོ་པ།། སྔགས་དང་ཕྱག་རྒྱབསམ་གཏན་པ།། ཡིད་ཀྱིས་སོམ་ཉེ་མེད་པར་བྱ།། ཡོངས་སུ་མ་སྨིན་སེམས་ཅན་དང་།། བླ་མ་རྡོ་འཛིན་སྤོང་བ།། དམ་ཆོག་འདྲལ་བར་བྱེད་པ་དང་།། རྒྱབ་པའི་བསན་པ་འཇིག་བྱེད།
iiif viewer powered by OpenSeadragon
154a - 155a