e-texts navigator
Collection
Volume
Page
Wylie

152b1 ལྡན་པར་བཞག། རྗེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། དཔལ་ནག་པོ་ཆེན་པོ་དྲང་།། མཁའ་འགྲོ་མ་དང་བཅས་པ་ཡི།། རང་གི་དོན་དང་ལྡན་པའི་སྔགས།། དེ་ཡི་ཡི་གེ་རྣམས་ཀྱི
152b2 མཆོག། བཏུ་བའི་རིམ་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དང་པོ་དོན་གྱི་ཡི་གེ་ལ།། དང་པོ་ལྔ་པས་ཡན་ལག་བརྒྱན།། གཉིས་པའི་ལྔ་པའི་ཐིག་ལེ་དང་།། དང་པོ་ཐུང་ངུ་གཞག་པར་བྱ།། གཉིས་པའི་ལྔ་པ་མཐར་ལྡན་པ།
152b3 རིང་བའི་གྲཝ་དང་བཅས་པར་གནས།། བཅད་པའི་མཐའ་ཅན་ཡི་གེ་ནི།། ཅུང་ཟད་རིང་དང་བཅས་པར་བརྗོད།། གཉིས་པའི་དང་པོ་མིང་དང་ལྡན།། གཉིས་པའི་དྲུག་པའི་གསུམ་པ་ལ།། གཉིས་པའི་དྲུག་པའི་དང་པོ་གདགས།། རིག་བྱེད་གླ་དང་ལྡན་པར་ནི།
152b4 རུང་བར་འཇུག་དང་འརྒྱས་པ་འརྗོད།། ལ་བའི་ལྦ་པརྡ་ལྡན་མཆོག། བརྒྱད་པའི་མཐའ་ཅན་ག་དགས་པར་བྱ།། དང་པོ་གསུམ་པས་རབ་ཏུ་བཙུན། ཆོག་དྲགང་ཐག་དང་བརྟབ་པར་བརྗོད།། གཉིས་པའི་བདུན་པའི་གཉིས་པ་ནི།། ཚིག་བྱེད་མ་འད་ལྡན
152b5 པར་བརྗོད།། གཉིས་པའི་ལྔ་པའི་མཐར་ལྡན་པ།། ཟླ་བ་མིག་དང་བཅས་པར་བཞག། གཉིས་ཀའི་འབྲེལ་པར་གནས་པ་ཡི།། ཆགས་པའི་ཡི་གེ་བདག་ཉིད་ཅན།། གཉིས་པའི་གསུམ་པ་གཞག་པར་བྱ།། གཉིས་པའི་བཞི་པ་དང་པོ་ལ།། དང་པོ་གསུམ་པ
152b6 གདགས་པར་བྱ།། གཉིས་པའི་ལྔ་པའི་མཐར་ལྡན་པ།། རིང་བའི་སྒྲ་དང་བཅས་པར་གནས།། རྗེ་ཚན་བརྒྱད་པའི་མཐར་གནས་པ།། ཅུང་ཟད་རིང་བའི་སྒྲ་དང་ལྡན།། གཉིས་པའི་དང་པོ་མིང་དང་ལྡན།། གཉིས་པའི་དྲུག་པའི་གསུམ་པ་ལ།། འཐུག་པ
152b7 སྒྲ་དང་ལྡན་པར་བྱ།། གཉིས་པའི་ཐུག་པའི་དང་པོ་ནི།། གཡོ་བྱེད་སྤ་དང་བཅས་པར་གནས།། སྡེ་ཚན་གཉིས་པའི་དབུ་མ་ནི།། ཆགས་པའི་ཡི་གེ་རབ་ལྡན་པ།། གཉིས་པའི་གསུམ་པ་འཇུག་པོར་ལྡན།། གཉིས་པའི་བཞི་པའི་དང་པོ་ནི།། དང་འོ




iiif viewer powered by OpenSeadragon

152a - 153a

Texts on this page

Gdg024.9 - dpal nag po chen po drag po'i brtag pa dur khrod chen po rgyud