| | e-texts navigator
|
150b1 \ུ0f7f།། ཐབན་མམང་ནག། མ་ཡ་དཟབས།། ཙ་ལ་ཋ་ནང་ཐབས་པ་ཟད་།། ས་ཨུ་མད་བངས་པ་མ་གསམས།། མི་འདས་ཐུག་ཟད་པས་བརྟན།། དབུས་པ་ཐུག་ནས་པཟླ།། ཐབརྒྱ་མ་པས་དཀར་བ་ཤང་།། ང་ནས་གཞན་ཡད་རབ་ཤ
150b2 དཔལ་ལྡན་ནག་པོ་ཆེན་པོ་ཡི།། བསམ་གཏན་སྔགས་དང་ལྡན་གྱུར་ནས།། ཐབ་ཀྱི་ནང་དུ་བ་ཙྱཻ་ཥྐཾ།། རཾ་ལས་མེ་ལྷ་བསྐྱེད་པར་བྱ།། ཞལ་གཅིག་པ་ལ་ཕྱག་གཉིས་པ།། ཕྱག་གཉིས་མེ་ཏོག་བཟང་ཕྲེང་འཛིན།། མདོག་དམར་སྤྱན་བགྲང་དཔ་ས
150b3 པ།། ཁྲོ་གཉེང་མཆེ་བ་གཙིགས་པའོ།། རང་བཞིན་མེ་དང་ཡེ་ཤས་མཾ།། ཕྱག་རྒྱ་བཞི་ཡི་སྦྱོར་བས་བསྟིམ།། གཉིས་མེད་གྱུར་པའི་ལྕེ་ལ་ཧཱུཾ།། བསམ་ནས་ཡིན་བསྲེག་རྔབ་རྣམས།། པན་བཛྲན་རབ་ཏུ་མྱོས་པས་དབུལ།། ཨོཾ་མཧཱ་ཀཱ་པ་པ།
150b4 བཛྲ་ཀྲོ་དྷ་ཨ་ག་ན་ཡཾ། ཧཱུཾ་མེ་མ་སརྦ་ཤ་ཧུ~ཾ་ཨ་མུ་ཀཾ། ད་ཧ་ད་ཧ། པ་ཙ་པ་ཙ། ཨ་མུ་ཀ་མཱ་ར་ཡ་ཕཊ། དེ་ནས་འབར་བའི་ངོ་བོང་བརྟག། མེ་ཡི་གཞལ་ཡས་ཁང་དུ་བསམ།། དེ་ནས་དཔལ་ལྡན་ནག་པོ་ནི།། ཆོ་ག་རྫ་ངམ་གསུམ་གྱིས་བསྐྱེད།། བད
150b5 དང་དམ་ཚིག་ཐུགས་ཀ་ཡི།། འོད་ཟེར་ཕྱག་རྒྱ་བཞི་དང་ལྡན།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། དེ་ཡི་ཆོ་གས་བཀུག་ལ་བསྒྲིམ།། ཛཿཧཱུཾ་བཾ་ཧོཿ། ཧྲཱི་སྲིད་གསུམ་འཇིགས་པར་བྱེད་པ་ཡི།། དཔལ་ལྡན་ནག་པོ་ཆེན་པོ་ཡིས།། དུས་གསུམ་རྒྱལ་བ
150b6 ཐམས་ཅད་ཅི།། བསྟན་པ་བསྲུང་བར་ཁས་བླངས་པའི།། དམ་ཚིག་ཆེན་པོའི་སྟོབས་ཀྱིས་ནི།། འབར་བ་ཆེན་པོའི་དཀྱིལ་འཁོར་དུ།། དྲག་པོའི་སྟོབས་ཀྱིས་གཤེགས་སུ་གསོལ།། མེ་ཡི་དཀྱིལ་འཁོར་འདིར་བཞུགས་ལ།། གདུག་པའི་དགྲ་བགེགས
150b7 བསྔལ་དུ་གསོབ།། དེ་ནས་བདུད་རྩི་ཀྟ་ཡིས།། དཔལ་ལྡན་ནག་པོའི་ཞལ་དུ་དབུལ།། མཆོད་དང་གཏོར་མའི་རིམ་པ་རྣམས།། དབུལ་བའི་དམརྫས་ལ་སོགས་པའི།། མཆོད་པའི་ཁྱད་པར་ཀུན་ཀྱང་དབུལ།། དེ་ནས་པིན་བསྲེག་རྫས་རྣམས།། རྒྱ
iiif viewer powered by OpenSeadragon
150a - 151a