| | e-texts navigator
|
150a1 ཐབ་དང་ལྷ་དང་རྫས་དང་དུས།། རྣམ་པ་བདུན་དུ་རབ་ཏུ་བཤད།། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས། ཆོ་ག་འདི་ཡི་རིམ་པ་ཡིས།། བསླབ་པར་བྱ་བ
150a2 རི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དང་པོ་བདག་ཉིད་རྣལ་འབྱོར་ནི།། བསྲུང་བའི་འཁོར་པོ་བསྒོམ་པར་བྱ།། ཆོས་འབྱུང་ནང་དུ་རྡོ་རྗེ་བྲག། པད་ཉིའི་སྟེང་ན་རོ་ཡི་གདན།། དེ་སྟེང་ཧཱུ~ཾ་ལ་པ་པྲི་བྲག་གྱུར།། དེ་ལས་ནག་པོ་ཆེན
150a3 བསྐྱེད།། མཐིང་ནག་ཞལ་གཅིག་ཕྱག་གཉིས་པ།། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས།། སྤྱན་གསུམ་སྡང་མིག་མེ་ལི་འོད།། གཡས་ན་གྲི་ཟུག་གཡོན་ཐོང་བ།། ངོ་ཤལ་ཐད་པའི་ཕྲེང་བས་བརྩད།། བརྐྱང་བསྐུ་མར་ཡི་གདན་ལང་གྱིང་།།
150a4 དབུས་ན་དམ་ཚིག་བསྐྱེད།། ཡེ་ཤེས་སྤྱན་དྲང་གཉིས་མེད་བྱ།། དབང་བསྐུར་མི་བསྐྱོད་དབུ་ལ་བརྒྱན།། མདུན་གྱི་ནག་པོ་ཆེན་པོ་ཡང་།། དེ་ལྟར་དུས་མཚུངས་རྫོགས་པར་བསྐྱེད།། མཆོད་དང་གཏོར་མ་བྱས་ནས་སུ།། གཉིས་མེད་ཐུགས་ཀའི
150a5 བཟླས་པ་བྱ།། དེས་ནི་ནག་པོའི་མཚན་མ་རྙེད།། དེ་ནས་སྦྱིན་བསྲེག་བརྩམ་བྱ་ཞེས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་གཞན་ཡང་རབ་བཤད་པ།། གནས་ནི་དུར་ཁྲོད་ཆེན་པོ་ཡི།། རོ་སྲེག་མེ་ཐ་ཁང་སྟོང་ངམ།། རྡོ་རྗེའི་བྲག
150a6 ལ་སོགས་པ་ཡི།། འཇིག་པའི་གནས་སུ་སྦྱིན་བསྲེག་བྱ།། མཆོད་པ་གཏོར་མ་སྲེག་པའི་རྫས།། དེ་དག་ཚོགས་པར་བྱས་ནས་ནི།། མེ་ཏོག་སྤོས་དང་མར་མེ་དྲི།། ཤ་ཆེན་ལྷ་བཤོས་སྲེག་པའི་རྫས།། ཁྱད་པར་གྱི་ནི་མཆོད་པར་བྱ།། ཆན་དང
150a7 གི་ལ་དུ་དང་།། སྦྲང་རྩི་ཆུན་འབྲུམ་སེ་འབྲུའི་ཆང་།། ཤ་ཆེན་ཉ་ཤ་བདུད་རྩི་ཁྲག། འདི་ནི་དཔལ་ལྡན་ནག་པོ་ཡི།། ཁྱད་པར་གཏོར་མ་ཡིན་པར་བཤད།། དེ་ནས་གཞན་ཡང་རབ་བཤད་པ།། དུར་ཁྲོད་ས་དང་ཆུ་འགྲམས།། མེ་ཐབ་ས་ལ་ཐབ
iiif viewer powered by OpenSeadragon
149b - 150b