e-texts navigator
Collection
Volume
Page
Wylie

149b1 ཀླུའི་ཕྱག་རྒྱ་སྔགས་དང་བཅས།། ཐུན་རེར་བསྡུ་ནི་རྩལ་ཀྱང་དུ།། བཀུག་ལ་ནག་པོའི་སྒོ་པར་གཞུག། གྲི་གུག་ཟོད་པ་ཐོགས་ནས་ནི།། ཐུན་མཚམས་ཕྱིན་ཕྱོགས་བསྐོར་བར་བྱ།། ཉིན་མོ་མཚན་མོདུས་དྲུག་ཏུ།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། རྣལ་འསྦྱོར་ཉིད
149b2 ལ་བརྩོན་པར་བྱ།། དེ་ནས་དུར་ཁྲོད་དབུས་སུ་ནི།། ཁྲུ་ངོ་ཚད་དུ་བརྐོ་བར་\ུ0f7f།། ནང་དུ་ནག་པོའི་སྐུ་གཟུགས་བཞག། དེ་ཡི་སྟེང་དུ་འཁོར་ལོ་ནི།། དུར་ཁྲོད་ཀྱི་ནི་ཕ་གུ་ལ།། ཨུ་ཙིན་ཏི་ཡི་ཁུ་བས་བྲིས།། སྔགས་ནི་དུར་ཁྲོད་སྣག་ཚས་དགོད།། ཨོཾ་མ་ཧཱ་ལ
149b3 ཡ། བཛྲ་ཙཀྲ་བ་ར་ར་ཏི། ཨ་མུ་ཀ་སྟཾ་བྷ་ནི་སྟཾ་བྷ་ནི། མོ་ཧ་ནི་མོ་ཧ་ནཱི། ཁེ་ཙ་རཱི་བྷུན་དྷཾ། བྷཱུ་ཙ་རཱི་བྷྱན་དྷཾ། བཱ་ཏཱ་ལ་བྷ་ས་ནི་བྷན་དྷཾ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འདི་ནི་འཁོར་ལོ་ར་དགོད་པར་བྱ།། དེ་སྟེང་སྦྱིན་སྲེག་ཐལ་བས་དགང་།། དེ་ཝཱ་དག་བདུན་བྱ
149b4 ན།། གནན་པས་གསད་པའི་སྦྱོར་བ་རྫོགས།། ཁྱབ་འཇུག་མ་ཧཱ་དེ་བ་དང་།། ཚོགས་ཀྱི་བདག་པོ་ལ་སོགས་པའི།། འདོད་པའི་ལྷ་རྣམས་མནན་རུས་ན།། གཞན་དག་སྤོས་ཀྱང་ཅི་ཞིག་དགོས།། དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།།
149b5 དཔལ་ནག་པོ་ཆེན་པོའི་ཆུང་ངུར་ཁྲོད་ཆེན་པོ་ཞེས་བྱ་བ་ལས། མནན་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། མཚམས་མེད་ལ་སོག་པ་བྱེད་པ་དང་།། གདུག་པ་ཐམས་ཅད་བསྐལ་བ་ཡི།
149b6 གའི་ཁྱད་པར་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྦྱིན་སྲེག་ལས་རྣམས་ཀུན་གྱི་མཆོག། ཁྱད་པར་དུ་ནི་གསད་པ་ཡི།། སྦྱིན་སྲེག་འདི་ནི་ཤེས་པར་གྱིས།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན
149b7 པོས་གསོལ་པ།། བཅོམ་ལྡན་འདས། གསད་པར་བྱ་བའི་སྦྱོར་བ་ཡི།། སྦྱིན་སྲེག་ཆོ་ག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྤྲིན་སྲེག་ཆོ་གའི་རིམ་པ་ནི།། ཁྱད་པར་བདུན་དུ་ཤེས་པར་གྱིས།། བདག་དང་གནས་དང་མཆོད་གཏོར་དང་།




iiif viewer powered by OpenSeadragon

149a - 150a

Texts on this page

Gdg024.9 - dpal nag po chen po drag po'i brtag pa dur khrod chen po rgyud