e-texts navigator
Collection
Volume
Page
Wylie

137a1 ཏི། ན་མ་བ་སཧཱ། དཔལ་ནས་པནན་པའི་སྲས་ཀྱད་ཀྱི་སྔགས་སོ།། ཨེམ་ཧཱ་ཀཱལ་ཡ། བར་རི་། མ་ཡོན། མམ་མ་མ་སྲ་པ་ས་ཀ་ག་ཡཱན། ནི་ཀུན་ན་ཕ་སུན། བ་ཀྱང་བྱེ་བ་སུང།
137a2 སྔགས་སོ།། ཨོཾ་མ་དྷུ་ཀཱ་ལ་ཡ། བྷི་ཤ་པ་དང་\ུ0f88\ུ0f90་ཤ། ཧ་ར་ན། ཨུ་བ་པྲ་ཏེ་ཧ་ར་ཏྲཱུཾ་ཧཱུ~ཾཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྦྲུལ་གྱི་དྲུག་བསལ་པའི་སྔགས་སོ།། དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དཔལ་ནག་པོ་ཆེན་པོའི་རྒྱུང་ངུར་ཁྲོད་ཆེན་པོ་ཞེས་བྱ་བ་ལ
137a3 སྔགས་ཀྱི་ལེའུ་སྟེ་གཉིས་པའོ།། ། དེ་ནས་དཔལ་ནག་པོ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གང་ཞིག་སྔགས་ཀྱི་སྦྱོར་བ་རྣམས།། སྟོབས་དང་ལྡན་པའི་སྦྱོར་བ་ཡི།། དེ་ཡི་ཆོག་བཤད་དུ་གསོལ།། བཅོམ་ལྡན་འདས
137a4 ཀྱིས་བཀའ་སྩལ་པ།། དང་པོ་ལྷ་ཡི་རྣལ་ན་བྷྱོར་གྱིས།། སྔགས་ཀྱི་སྟོབས་ནི་སྐྱེད་པར་བྱེད།། རྟག་ཏུ་ལྟ་ཡི་རྣལ་འབྱོར་དང་།། ལྡན་པས་སྔགས་ཀྱི་ཆོ་ག་རྣམས།། བརྩམས་པ་ཙམ་གྱིས་འགྲུབ་པར་འགྱུར།། དེ་ཕྱིར་ལྷ་ཡི་རྣལ་འབྱོར་ནི།། ཆུང
137a5 ཀྱི་དོན་ལྡན་ཡིན་པར་བཤད།། དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔའ་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས། རྒྱུད་ཀྱི་དོན་དང་ལྡན་པ་ཡི།། ལྷ་ཡི་ཆོ་ག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱི་སྲ་བཀའ་སྩལ
137a6 བ།། དེང་པོ་ས་གཞི་བསུང་བ་དང་།། བདག་དང་རྣལ་འབྱོར་བ་སྤང་བར་བྱ།། དེ་ནས་ལྷ་ལ་ཆོག་ནི།། རིམ་པ་བཞིན་དུ་རྫོགས་པར་བསྐྱེད།། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་གཞན་ཡང་དུ་ཁྲོད་ལ་སོགས་པ་འབྱུང་པོ་འདུ་བའི་གནས་སུ་སོང
137a7 ལ། ལུས་བདུད་ཀྱི་ལྔས་བྱུགས་ལ་བདེ་བའི་སྟན་ལ་འདུག་སྟེ། ཨོཾ་མ་ཧཱ་ཀཱ་ལ་ཡ། བཛྲ་ཀ་པ་ཙ་ཧཱུ~ཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ལ་ནི་གསུམ་དུ་བསྲུང་བར་རྩེའོ།། དེ་ནས་དེ་མ་ཐག་ཏུ་དཔལ་ནག་པ་ཆེན་པོའི་བསམ་གཏན་དང་ལྡན་པར་བྱ་སྟེ། དེའི་ཏིང་གར




iiif viewer powered by OpenSeadragon

136b - 137b

Texts on this page

Gdg024.9 - dpal nag po chen po drag po'i brtag pa dur khrod chen po rgyud