| | e-texts navigator
|
135b1 རུ་གྲུབ་པར་ཐུབ་པ། བསྒྲུབ་བྱངས་ཞུགས་ས་ཀྲེན་ང་ངས་པར་བྱས་ན་གང་ཤེག་བསྒྲུབ་རྒྱང་འདུག་ལན་ཡང་བླང་བར་གྱུར་།། ཙུན་དངའི་པགསུ་པ་ལདུང་ཐ~ཾད་ཀྱི་ལྷག་ས་མཐོང་ས་ཐོས་པ། བསླབ་པ་ཛིམ་ས་གས་གས་ག
135b2 ལ་བསྲུབ་བྱའི་གཟུགས་བྱས་ནས། སྙིང་གར་མིང་གི་ཡི་གེ་དང་ལྡན་པར་བྱས་ལ། འཁོར་ལོའི་ནང་དུ་གཞུག་པར་བྱ་སྟེ། སྤྲེའུའི་རྒྱས་པས་དཀྲི་བར་བྱའོ།། དེ་ནས་རང་གི་མདུན་དུ་ཁམ་ཕོར་གྱི་ནང་དུ་བཞག་ལཾ། སྔགས་ཐལ་ཆེན་དང་ཡུངས་ཀར་ལ
135b3 བཟླས་ལ་གང་བ་པར་བྷ་སྟེ། ཨོཾ་མ་ཧཱ་ཀཱ་ལ་ཡ། སུ་པྲ་ཏཱི། ཨ་མུ་ཀ་མོ་ཧ་ཡ་མོ་ཧ་ཡ་ཧཱུ~ཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་བཞིན་དུ་ཆོ་ག་འདི་དུས་གསུམ་བྱས་ལ། བསླབ་བྱའི་ཉ་ལ་སར་བླས་ན་རྨོངས་པར་འགྱུར་བའམ། གཞོག་བྱེད་སྐམ་ནས་འཆི་བར་འགྱུར
135b4 དེ་ནས་ཡང་ཨུཏྤ་ལའི་མེ་ཏོག་དང་ཙནྡན་དམར་པོ་དང་ཨ་པ་ར་ཛེ་ཏའི་ཁུ་བས་སྣག་ཚ་བྱས་ལ་མེ་ཏོག་དམར་པོ་ལ། ཨོཾ་མ་ཧཱ་ཀཱ་ལ་ཡ། ཥཱིད་ན་ཨ་མུ་ཀ་ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྲིས། ཁ་ལྷོ་ནུབ་ཏུ་བལྟས་ལ་དཔལ་ནག་པོ་ཆེན་པོའི་བསམ་གཏན་ད
135b5 ལྡན་པར་བྱས་ལ་མེ་ཏོག་ལ་མངོན་པར་བསྡིགས་ཏེ། སྐྱེས་པའམ་མོ་བཙུན་གྱི་ལུས་སམ་གྲིབ་མ་ཕོག་པ་ཙམ་གྱིས་དེ་མ་ཐག་ཏུ་འགུགས་པར་འགྱུར་རོ།། དེ་ནས་གཞན་ཡང་ལོ་བཅུ་གཉིས་མའི་ཐོད་པ་ཆོས་བཅོཾ་ལྔའི་ཉིན་པར་བདུད་རྩི་ལྔས་བྱུགས་ལ། མེ་ཏོག
135b6 དམར་པོའི་ཡུ་བ་ལ་སྨྱུག་གུ་བྱས་ཏེ། རྒྱལ་པོ་འམ་བློན་པོའི་གྲོང་ཁྱེར་དུ་ཁ་བལྟས་ཏེ། ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པར་བྱས་ཏེ། འཁོར་ལོ་རྩིབས་བརྐྱང་པ་བྲི་བར་བྱའོ།། འཁོར་ལོའི་རྩི་བས་ལ་ཡི་གེ་ཧྲི་བཀོད་པར་བྱ། དབུས་སུ། ཨོཾ་མ
135b7 ཧཱ་ཀཱ་ལ་ཡ། སུ་པྲ་སུ་ཏཥྨ་ད་ནད་ད་རེ། ཨ་མུ་ཀ་པ་ཤི་ཀར་ན། བཱ་ཤི་ཀཱར་ཧཱུཾ་ཧྲི་ཧྲི་ཧྲི་སྭཱ་ཧཱ། ཞེས་བྲི་བར་བྱའོ།། དེ་ནས་མེ་ཏོག་དམར་པོས་ཐོད་པ་བཀང་ལ་དཔལ་ནག་པོ་ཆེན་པོའི་བསམ་གཏན་གྱིས་མངོན་པར་བསྔགས་ན། ཐོད་པའི་མེ་ཏོག་དྲི་དང་ལྡན་ཏེ་གཡོ་བར
iiif viewer powered by OpenSeadragon
135a - 136a