| | e-texts navigator
|
71b1 བུ་དཔག་ཆེན་མདའ་བཞིན་འཕེན།། དེ་ཡི་གྱི་རི་མ་དབང་ཕྱུག་མ་ཡིས་བསྒྱུར།། གཞན་ཡང་རལ་བརྟན་གྱི་ཚོགས་རྣམས་དང་།། མཆེ་བ་གཤོག་པནྡྷ་མ་སྔར་མོ་ཅན།། མགོ་བརྟན་མཆགས་སྣ་ཚོགས་པས་བཀར་རོ།། དཔལ་ཆེན་པ་དང་ནར་བྱས་དགྲ་བསན།
71b2 བརྡའ་ནི་རྣམ་དྲུག་བྱེད་ཅིང་འབོད་པ་སྟེ།། སྐྱུགས་པ་གཡབ་མོ་ཐལ་མོ་སོ་གོལ་དང་།། རྐུན་པོ་གླུ་སྟེ་སོ་སོས་གོ་བར་བྱས།། འཇའ་དང་འབྲུག་གློག་སྟོང་གི་སྐྲ་འབྱིན་ཞིང་།། འབྲུ་དང་རིན་ཆེན་སྣ་ཚོགས་སྨན་དང་ཆུ།། འགྲོ་དྲུག་མཁའ་འགྲོ་ཤ་རྔས་ཟ་བ་རྣམས
71b3 བ་ནཱས་ནད་ཀྱི་རྣམ་པ་སྣ་ཚོགས་སྐྱུགས།། ཀུན་ནས་བསྐོར་ཏེ་བཙན་པར་བྱས་པ་ཡིས།། བདུད་ཀྱི་སེམས་དེ་རབ་ཏུ་དེར་གནས་པས།། མ་ཏྲང་རུ་ཏྲས་དཔལ་ལ་སྐུར་པ་བཏབ།། དཔལ་ཆེན་བྱ་བ་མེད་པར་ངེས་པ་ལས།། སྲིད་པའི་རྒྱལ་མོས་བཅོས་པ་འདྲ་ཟེར་རོ།།
71b4 ཆགས་སྐྱེས་འཁོར་ལ་གདམས་ངག་བྱས།། དཔལ་གྱི་སྲིན་པོའི་ལུས་ཀྱིས་གནས་སུ་ཕྱིན།། སྣ་ཚོགས་གཟུགས་སུ་འཇུག་པའི་འཁོར་རྣམས་ནི།། རྭ་གཟེངས་མིག་བགྲང་མཆེ་གཙིགས་སྡེར་མོ་གདེངས།། འཇིགས་པའི་སྐད་ཀྱིས་ཅོ་ལོང་ཆེན་པོ་འབྱིན།། ཁཱ་ནས
71b5 ཁྲག་དང་ནད་སྐྱུགས་འདི་སྐད་ཟེར།། གཙོ་བོ་རྗེ་པོ་ལགས་སམ་གསང་བརྡའ་སྟོན།། དཔལ་གྱིས་སོ་སོའི་བརྡའ་རྣམས་ངེས་བསྟན་པས།། དངོས་ཉིད་ཡིན་པར་མཐོང་སྟེ་མཆོད་པ་ཕུལ།། གཞལ་ཡས་ནང་དུ་བྱོན་ཏེ་ཁ་ཊྭཱཾ་གདེངས།། སྲིན་མོ་ཀྲོ་ཏཱི་ཤྭ་རཱི་ཅིང
71b6 གྱིས་བཟུང་།། བསྐལ་བར་བྱས་ནས་རང་རྟགས་སྙིང་པོ་ཕུལ།། བཀའ་ལ་བཏགས་ཏེ་ཁཊྭཱཾ་ལུ་གྲི་བྱིན།། མ་མོའི་གཙོ་མོ་སྦྱོར་བའི་ཡུམ་དུ་བྱས།། དཔལ་གྱི་སྐུ་གསུང་ཐུགས་ཀྱི་གནས་ཡུལ་ལས།། སྲུལ་བ་ཀེ་རཱི་སེར་ཧ་ཁྲོ་མཛག་པོའི་ཚོགས།། དུར་ཁྲོད་པ
iiif viewer powered by OpenSeadragon
71a - 72a