| | e-texts navigator
|
69b1 གང་སུ་ངས་པ་ཞེས་བྱ་བྱའི་རྒྱུད། བཅོམ་ལྡན་འདས་ངག་གི་དཔལ་ལཕྱག་འཚལ་མ།། འདི་གང་བདག་གས་བྱས་པ་ས་གནགན། བ་ཤཱ་འ་དྲུ་མབྱུང་ཤར་བ་མ་མས་ཤཱང་མངས་འདའ་ཚལ་ཆན་པས། ང་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲུ་དངག
69b2 དང་ཐུགས་ཀྱི་བདག་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ། འཁོར་ལྷ་མ་སེན་སྡེ་བརྒྱད་ལ་སོགས་པ། མཁའ་འགྲོ་མའི་ཚོགས་བྱེ་བ་དུང་ཕྱུར་གྱིས་བསྐོར་ཏེ་བཞུགས་སོ།། དེའི་ཚེ་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་འཁོར་འདུས་པ་རྣམས་ཀྱིས་ཕྱི་ནང་གསང་བའི
69b3 མཆོད་པ་ཕུལ་ནས། ཀཱརྦ་ཌཱ་ཀཱིས་འདི་སྐད་ཞུས་སོ།། སྟོབས་ཆེན་དྲག་པོ་འཇོམས་མཛད་རྡོ་རྗེ་ཅན།། བཅུད་ཀྱིས་བསྡུས་པའི་འགྲོ་བ་བདག་ལ་སོགས།། བསྟན་པ་འདི་ལ་སྐྱེ་བཅོ་ལྟར་སྨིན།། ཡེ་ཤེས་སྐུལ་བས་རང་རྒྱད་གྲུབ་པ་མོ།། དེ་བཞིན་དྲེགས་དང་ངེས་ཚིག
69b4 ཅེ་ལྟར་ལགས།། ཁྱེད་ཀྱིས་དཀིའ་སྩོལ་བདག་ཅག་ཉན་པར་འཚལ།། དེའི་ཚེ་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེས་པདྨའི་གདན་ལས་བཞེངས་ཏེ་བཀའ་སྩལ་པ། འདས་པའི་དུས་མ་བྱུང་བའི་སྔོན་རོལ་དུ། བཅུད་ནི་བསྐལ་པའི་རྣམ་པའི་གྲངས་ཀྱིས་འགྱུལ། ལུས
69b5 མེད་ཤེས་པ་ཆང་སྤང་བཞིན་དུ་གནས།། འཇིག་ཆགས་གཉིས་ཀྱིས་སྟོངས་ནས་བསལ་པ་ལས།། དུས་གཅིག་ཚ་ཐང་རླུང་འཐབས་འབྲས་བུར་སྨིན། དེ་མིན་སྤྱི་མཐུན་ལས་ཀྱི་མཁའ་འགྲོ་མ།། ལུས་ལ་བལྟ་བས་མི་ངོམས་སྤྱན་གསུམ་མ།། མཆེ་གཙིགས
69b6 གཅིད་རོད་ཆགས་པའི་གདུང་བ་གཡོས།། ཕྱག་གིས་དྷ་གུ་བསྐྲད་པ་རླུང་གིས་བསྐྱོད།། འབྱུང་བཞི་འདུས་པ་ལྷ་དང་རྐྱེན་དུ་འཕྲད།། འགོ་དྲུག་མ་བུ་ཏིལ་གང་བཞིན་དུ་སྲིན།། དེ་མིན་འབྱུང་བ་འདུས་པའི་མཁའ་འགྲོ་མ།། ཡུམ་ཆེན་མོ་ལས་བརྫུས་ཏེ་སྐྱེས་པ
69b7 དབུགས་དང་རྗོད་དང་ཁྲག་དང་ཤདུས་ལས།། རླུང་གི་རྒྱལ་མོ་འཇིག་རྟེན་འདེགས་བྱེད་མ།། དྲོད་ཀྱི་རྒྱལ་མོ་འཇིག་རྟེན་སྲེག་བྱེད་མ།། རླན་གྱི་རྒྱལ་མོ་འཇིག་རྟེན་སྲུང་བྱེད་མ།། ས་ཡི་རྒྱལ་མོས་འཇིག་རྟེན་རྟེན་པར་བྱེད།། འཇིག་རྟེན་ཀུན་ཁྱབ་རྒྱ་བའི་རང་བཞིན་ལས
iiif viewer powered by OpenSeadragon
69a - 70a