| | e-texts navigator
|
68a1 ཟུང་ལ་འབྱིན།། ཇེ་ཊ་གདང་མ་ཡི་ངས་ལ་བབ།། ཅེས་བསྐུལ་ལོ།། ཐོད་པ་ཀླད་ལ་བསྐོར་ལ་སྔགས་འདི་བཟླམ་ས།། ཁ་ལུ་ཁ་ལཱང་ཟླཁལ་ནན་ཏེན་ནད། ཤཱབླངབ་པ། སྨ་ས་ལ་ནན་ནང་།
68a2 ལེའི། ཐོད་པ་དེ་ལྟར་འཕར་བ་ཡིན།། མདའ་ཐུན་བརྡེག་པ་འདི་ཡིན་ཏེ།། ཁྱེར་བ་མི་བསད་ཁྱི་བསད་ལ།། སྤྱི་བཞུར་རྩེ་མོས་ལྟོང་བྱས་ཏེ།། འུག་པ་བྱ་རྒོད་གོང་རུས་གཉིས།། ཁྱི་རྒྱ་བོའི་སྙིང་ཁྲག་སྦྱིན་གྱིས་སྦྱར།། རེ་ཁྲིའི་ཆུ་སྲེས
68a3 རྒྱུད་དུ་བྱས།། མིང་རུས་གཟུགས་བཅས་སྙིང་ག་རྒྱ།། མདེའུ་རྩེ་གཏད་ལ་སྔགས་འདི་བཟླས།། ཧཱུཾ་ཙ་པ་ལ་ཐུན་ཁ། ཁྲག་ལ་ཐུན་ཁ། ཁྲག་ཡ་མ་ཡམ། ཕོ་ཉ་གཏོང་ངོ་།། ཡུལ་ཕྱོགས་སུ་འཕང་བར་བྱ།། གཟུགས་བྱས་སྙིང་གར་བརྡེག་པར་བྱ།
68a4 ཧཱུཾ། ཁམས་གསུམ་སྒྲོལ་བྱེད་ཆེན་མོ་ཡིས།། ལྷོ་ཡི་ཕྱོགས་སུ་ཞབས་བརྐྱང་བས།། ཞབས་ཀྱི་དཀྱིལ་འཁོར་ཉེད་ལས་ཀྱང་།། མི་བཟང་འབར་བའི་སུ་ཕྱུང་སྟེ།། སུ་ནི་སྔོ་སྒྲ་ཆེན་མོ་ལ།། ཞལ་ལྡ་མ་ལ་ཕྱག་བཅུ་སྟེ།། དཀར་དང་ལྗང་དུ་རུང་ག་སྟེ།།
68a5 བའི་ཞལ་ལྔར་བསྟན་པ་སྟེ།། གཡས་ཀྱི་ཕྱག་རྒྱ་ལྔ་བྱུང་སྟེ།། ཁྲོ་བོ་བཅུ་ཡང་གསོད་པ་སྙམ།། གཡོན་གྱི་ཕྱག་རྒྱ་ལྔ་བྱུང་བ།། ཁྲོ་མོ་བརྒྱ་ཡི་སྙིང་ཡང་གཟེར།། རྒོལ་བ་ངན་པ་སྨོས་ཅི་དགོས།། ཞལ་ནས་ཁྲག་གི་རལ་གྲི་འབྱུང་།། ཕྲུ་ནི་མཐིང་ནག་རལ
68a6 པ་ཅན།། རལ་པའི་ཟར་བུ་རེ་རེ་ལ།། མཆོང་གི་སྤྱང་མོ་འབུམ་འབུམ་འབྱུང་།། སྲིད་པའི་ལྷ་འདྲེ་ཀུན། ཐུགས་དམ་དུས་ལ་བབ། ཀེའུ་རི་ཀེའུ་ར~ཾ། འབུམ་བཟླས། འགྲོལ། དེ་ནས་གྲོལ་ན་འདི་བཟླས་སོ།། ཏི་མ་ཏི་མ་ཁ། བྱས་ཏེ་བརྡེག། གསུལ་ལ་བ་སྙེན
68a7 པ་རྫོགས་པར་བྱའོ།། ག་མ་ར་ཐ། ཐུན་གྱི་ལེའུ་སྟེ་བདུན་པའོ།། ། ཁྲག་ཐུན་བརྡེག་པ་འདི་ཡིན་ཏེ།། ཐོད་པ་ནག་པོར་ལིངྒ་གཞུག། ཧཱུཾ་རྒྱ་མཚོ་མེར་བའི་གཏིང་དུ་མ་ནས།། ཁྲག་གི་བཙུན་མོ་ཆེན་མོ་ནི།། ལག་ན་ཟངས་ཀྱི་གཞ་བདུ
iiif viewer powered by OpenSeadragon
67b - 68b