| | e-texts navigator
|
67b1 དབང་འདུས་བཟང་པོ་ཡིན།། ནག་མོ་རལ་བསྙིལ་མདོག་མི་སྡུག། བརྩོན་མ་ཇོ་མོ་ཆུང་མར་འོང་།། གཅན་གཟན་རྫུས་དང་ཕྱག་འདོད་པ།། གྲུབ་ཀྱང་དབང་དུ་མ་འདུས་ཏེ། ལྟ་བའི་ཐབས་བསྐྱེད། ནང་འབབ་མཚན་ཆ་མང་བ་དང་། ཧཱ།
67b2 ཏོག་མང་པོ་བྱ་ནག་འཐབ་པ་དང་།། ཁྲག་གི་ན་བུན་སྟུག་པོ་འཕྲུལ།། མ་མོ་འཁྲུགསཱ་ཏཱི་ཁྲག་བསྐང་དགོས།། ལྷོ་བཀྲེས་གཡལ་དང་དུ་སྙིང་འདོད།། སྟུ་ཆུབ་སྟོན་ཅིང་དབང་རྟགས་སྟོན་པ་དང་།། དུད་པ་མང་པོ་ལྷག་པ་དང་།། ཇེ་ན་ས་དུས་ལས་ཡོལ
67b3 བས་བསྐང་བ་མང་པོ་བྱ།། ལེགས་ཉེས་ཇི་ལྟར་བྱུང་ཡང་ཁོར་ཅག་གྱོན་པ་ཡིན།། དེ་ཡི་ཕྱིར་ན་གཟབས་ལ་བྱའོ།། ལས་བྱེད་དུ་མི་འདོད་ཅིང་དྲག་པའི་ལས་བྱ་ན། ཧེ་སྦུད་ཀྱི་ནང་གི་མཆོད་མཁན་སྐབས་སུ་ཐོང་། གདུཿ་བྷུཿ་ཁཱ། རྟགས་ཀྱི་ལེའུ་སྟེ་རྫ
67b4 པའོ།། ། ཐོག་མདའ་ནག་པོའི་ལས་འཇུག་འཕང་བ་ལ།། གང་མོས་བསམ་པ་འདིར་མ་སྨོས།། ཐོད་པ་ནག་པོ་ཚེག་ཚེར་བྱུག། ཁྲག་ཆེན་དག་གིས་བྱུག་པར་བྱ།། ནང་བསྐང་སྔགས་བཟླས་ཕོ་ཉ་གཏོང་།། ནེ་ཚེན་བུན་འཛིན་དུ
67b5 ཤེད།། སྔགས་དེ་བཟླས་པའི་ཐོད་པ་ལ།། མ་མོ་འཁོར་ལོ་དཱི་ད་གདོང་མ།། དྲེའུའི་ལུས་ལ་མདོག་ནག་པོ།། སོ་ནི་རལ་གྲི་གཏམས་པ་འདྲ།། སྔགས་བཟླས་བསྐུལ་བ་འདི་དག་གོ།། ཛྷཻཾ། སྲིད་པ་གསུམ་གྱི་གཙོ་མོ་ལ།། ཁམས་གསུམ་ཁྱབ་པར
67b6 གསོད་བྱེད་མོ།། འཁོར་ལོ་ཆེན་མོ་དྲེའུ་གདོང་མ།། མིག་ནི་སྐར་ཆེན་རྡོལ་བའང་།། བྲང་ནི་ཆུ་སྲིན་གཏམས་པ་འདྲ།། དྲེའུ་སྐད་མཁའ་ལ་བཏང་བས་ཀྱང་།། སྲིད་པའི་རྩེ་མོ་ཚངས་པ་ཡང་།། ཐལ་བ་བཞིན་དུ་གཏོང་བར་བྱེད།། ཟེའུ་སྤངས་ལ་བཏང
67b7 བས་ཀྱང་།། རྒྱ་མཚོའི་གཏིང་གི་ཀླུ་རྣམས་ཀྱང་།། དྲེའུ་སྲུང་འབྱིན་ཞིང་ཞལ་ལ་བལྟ།། རྗེའི་མགོ་མཁའ་ལ་བརྡབས་པ་ཡིས།། རི་རབ་རྩེ་ནས་སྐྱིལ་ཞིང་ལྷ་རྣམས་ཐལ་བར་རློག། དྲེའུ་མགོས་ལ་བརྡབས་པ་ཡིས།། རྒྱ་མཆོ་ག་ཏིང་སྐམ་དུན
iiif viewer powered by OpenSeadragon
67a - 68a