e-texts navigator
Collection
Volume
Page
Wylie

65a1 འགྲགས་པ་ཡན།། ཐམ་བྱུ་ན་མྦྷ་བ་ཡིན།། གཅོད་ཅ་ས་ད་པ་སྦྱིན།། གན། ལྡན་གྲངམ་བརྟན་གས་སུ་ལ།། དནི་སྒྲ་སྔགས་འདི་ལྟ་ཤཱཙྪ། \ུ0f7f། མ་ག་ཥྚི་མཱརྡྷམཱན།། དངས་ལས་བསུང་ང།
65a2 བློན།། མ་མོ་ཀུན་གྱི་གཙོམ་སྟེ།། དམ་ལ་གནས་པའི་སྲིང་མོ་ཡིན།། ཡིད་ལ་གཞུངས་པའི་གྲོགས་མོ་ཡིན།། སྲས་ལ་བསྐྱེད་པའི་བུ་མོ་ཡིན།། བདུད་རྩི་བསྒྲུབ་པའི་རྒྱལ་མོ་ཡིན།། གླིང་བུ་བསྒྲུབ་པའི་བློན་མོ་ཡིན།། ལས་ལ་གཤིན་པའི་ཟེད
65a3 མོ་ཡིན།། མ་མོ་ཐུན་གྱི་བདག་མོ་ཡིན།། དམ་ཚིག་ཅན་གྱིས་བསྐུལ་བའི་ཚེ།། འགྲོ་བའི་ཚེ་སྲོག་སྲིད་གསུམ་ལ་ཁྲུམས།། ད་ནི་ནམ་མཁའི་གྲང་ལ་བབ།། ད་ནི་ཆུ་བོའི་གཞུང་ལ་བབ།། དགྲ་སྲོག་ཁ་ག་ནས་བྱུང་ལ་ཤོག། མ་གླིང་ཆེན་མོ་བཛྲ་ཆེ།
65a4 དམག་དཔུང་བསྐྱེད་ལ་བདུད་དཔུང་ཚོམས།། རུ་མཚོན་གྱོར་ལ་བགེགས་དཔུང་ཚོམས།། དམ་ལ་གནས་པའི་མསྲིང་ཚོགས།། མིང་པོ་རྡོ་རྗེ་བདག་འབོད་ཚེ།། བདུད་ཅི་སྨན་གྱིས་གཡབ་འདོར་ན།། མིང་པོའི་ལྟངས་མ་འཛིན་དུ་སྐྱོན།། བདུད་ཕྲེང་གཏིང
65a5 ནས་གཡོས་པའི་ཚེ།། ཅི་ལ་ཡང་ནི་རྟགས་བྱིན་ཡང་།། རྣལ་དབྱོར་དགྲ་ལ་རྟགས་མ་བྱིན།། མ་སྲིང་ཆེ་མོ་དགྲལ་ཆེམ།། མ་སྲིད་ཁྲོལ་ཁྲོལ་དགྲ་ལ་ཁྲོལ།། ཅེས་བསྐུལ་ལོ།། དེ་ལྟར་གདུང་ཞིང་གཏོང་མ་གཏང་།། རང་ཉིད་ལྷ་ཡི་ང་རྒྱལ་བྱ།
65a6 གཏོར་མ་རྟག་པར་སྦྱིན་པར་བྱ།། ཡཾ་ལས་རླུང་གི་དཀྱིལ་འཁོར་བྱ།། གཞུ་བདུངས་འདྲ་བའི་བ་དན་གྱུར།། རཾ་ལས་མེ་ཡི་མཎྜལ་བྱ།། གྲུ་གསུམ་མེ་རེས་མཚན་པའོ།། པཾ་ལས་པདྨའི་བྷན་དྷ་རུ།། རྔས་ལྔའི་སྟེང་དུ་ལྕགས་ཀྱུ་ལྦུ་བསམ་སྟེ།། དེ་སྟེང་ཨོཾ་ཨཱཿ
65a7 ཧཱུ~ཾསྭཱ་ཧཱ་བས་མ།། ལྕགས་གྲུས་བཅུག་ནས་རྗེས་ལྔ་འོད་ཞུ་ནས།། འབྲུ་ལྔས་འགྲོ་འདུས་རྫས་ལྔ་འོད་ཞུནས།། བདུད་རྩིའི་གོང་བུ་གཅིག་ཏུ་གྱུར་པར་བསམ།། མདུན་དུ་ལྷ་མོ་ལྕགས་ཀྱུས་དགུག། མདུན་དུ་གནས་བསམ་པ་འི་དབུལ།། ཨོཾ་དྲྀ་དུ་དག




iiif viewer powered by OpenSeadragon

64b - 65b

Texts on this page

Gdg023.5 - 'phags ma he sdud 'bar ba'i rgyud