| | e-texts navigator
|
63b1 ང་ལ་མཆིས།། ཐམ་པ་མའ་འབྲས་བྱུ་བཤད།། སད་པ་དགག་པ་ཆད་མ་ཡང་།། དྷ་རྠག་མས་མ་ཛོད་དེ།། མངས་པ་རྟག་བཞིན།། ཡདང་ན་བཞག་དང་ངས།། མི་གས་ལས་རྣམས་ཙམ་པའོ།། བ.ཱ་མ་ང་སངས་ཡང
63b2 མིག་གིས་མཐོང་བའི་སྤྱོད་ལམ་དང་།། དེ་བཞིན་ཤེས་རབ་དབང་པོས་ཀྱང་།། གསལ་ཞིང་མཐོང་བའི་མན་ངག་བྲལ།། བརྟགས་པའི་སྒོ་གསུམ་མཛེས་པས་ཀྱང་།། ཇི་བཞིན་ཀྱང་བའི་སྟོབས་མེད་པར།། ཟོ་འཚམས་ལ་ནི་སྟོན་པ་དང་། ཕྱོགས་གསག
63b3 པ་ཡིས།། ཧེ་སྲུང་དགའ་བ་མ་ཡིན་པས།། འཁོར་རྣམས་ཀྱིས་ཅང་གནོད་པ་སྟོན།། ལོ་ཏོག་རྣམས་ལ་དུས་མེད་པར།། བཅུད་དང་ཁ་དོག་བསད་པ་ལྟར།། ཐམས་ཅད་ཉམས་པར་གྱུར་པ་སྟེ།། དེ་དག་དུས་ལ་ཁུངས་དབྱིན་ནོ།། དཔེར་མ་བཟས
63b4 མཆོག་ནི།། དུ་མའི་ནང་དུ་བཅུད་ཟད་དག། ཆུང་ཡང་ཐམས་ཅད་ཕུང་བ་ལྟར།། སྦྱོར་བ་ཉམས་པ་གཅིག་གིས་ཀྱང་།། དངོས་པོ་མང་པོ་རླག་པར་འགྱུར།། ལས་མཐུན་མང་པོས་དཔག་ཏུ་མེད།། མཚན་རྣམས་རྫོགས་པའི་ཏིང་འཛིན་ནོ།། གང
63b5 གིས་མཚན་གྱིས་བསྡུས་པའི་ལས།། དེ་དག་རྣམ་པ་འདིར་བཤད་བྱ།། ལྷ་མོ་ཞེས་བྱའི་མཚན་ཉིད་ནི།། དུས་གསུམ་ཀུན་ཏུ་ཞི་བའི་མཚན།། དཔལ་ཆེན་མོ་ཞེས་བྱ་བ་ནི།། དུས་གསུམ་ཀུན་ཏུ་རྒལ་བའི་མཚན།། ཆེན་མོར་གྲགས་པའི་མཚད་གྲ
63b6 པ།། ཡོན་ཏན་སྤྲུལ་པ་གསང་བའི་མིང་།། བྱིན་བརླབ་དབང་བསྐུར་སྨོན་ལམ་མོ།། དགའ་བར་བྱེད་པའི་སྤར་བས་ནི།། གང་གི་ཕུན་སུམ་ཚོགས་པ་རྣམས།། བུམ་པ་ནང་གི་ལག་པ་དང་།། དཔག་བསམ་ཤིང་ལ་ཕྲེང་བ་འམ།། ངག་ན
63b7 རིན་ཆེན་ལྟ་བུ་སྟེ།། ཉི་མ་སྤྲིན་ལས་བྱུང་བ་བཞིན།། གང་གིས་ཏེ་སྲུང་དགའ་མི་བྱེད།། ཅུང་ཟད་ཡོན་ཏན་སྲིད་པ་ཡང་།། དུས་ཀྱི་སེམས་ཅན་ཇི་བཞིན་དུ།། སྲོག་དང་འབྱོར་པ་དེ་བཞིན་ནོ།། འཕགས་མ་ཧེ་སྡང་དགའ་བར་བྱེད་པའི་རྒྱུད
iiif viewer powered by OpenSeadragon
63a - 64a