| | e-texts navigator
|
40a1 ཏི་ངེས་སྔོན་གྱི་ཇོ་མོ་ལྷ་མོ་དུང་སྐྱོང་མ་དྲན་པས། ཡིད་ཕྱོགས་ཏེ་དུང་སྐྱོང་མའི་སྤྱན་སྔར་འགྲོ་འདོད་པའི་བསམ་པ་དྲག་པོ་བྱུང་ནས། བདུད་རི་ཏི་འགོང་ཉག་གི་མཚོན་བདུད་ཀྱི་ཁྲམ་བམ་ནག་པོ་དེ། བུ་མོ་རེ་མ་ཏིས་བརྒྱུས་ནས། ལག
40a2 པ་གཡས་སུ་ཐོགས། མའི་ཚོན་གྱི་གྲུ་གུ་སྔོན་དམར་དེ་བརྐུས་ནས་ལག་པ་གཡོན་ནུ་ཐོགས་ནས། ནམ་ཕར་ཕྱེད་ཚུར་བྱེད་ན་ཇོ་མོ་དུང་སྐྱོང་མའི་གན་དུ་བྲོས་ཏེ་ཕྱིན་ནས། ལུས་གཅེར་བུར་འདུག་པ་ལ། ཁྱིམ་བདྲག་རབ་སྦྱིན་གསལ
40a3 ཡང་ངོ་ཚ་སྐྱེས་ནས། སྔར་གྱི་དམངས་རིགས་མོ་བསད་པའི་རླུང་བུ་རྐེད་ལས་བཀྲོལ་ཏེ། ནང་ནད་ཀྱི་རྫིང་བུས་བཀང་ནས། ཁ་སྦྲུལ་གྱིས་བཅིངས་ཏེ། མཆན་ཁུང་དུ་སྦས་ནས། སེམས་ཅན་ལ་གདུག་པར་བྱ་བ.རརུ་བསམས་ཏེ། ཕྱིན་ཙམ
40a4 ན། བཙན་སྐྱ་རྡོ་རྗེ་ཟླ་བ་དང་ཕྲད་པ་ན་རེ་བདུད་མོ་ཆེན་མོ་ཆགས་པ་སྤྱད་དགོས། རྔན་པ་ཡང་སྦྱིན་ཟེར་ནས། མོ་བཟུང་ནས་ཆགས་པ་སྤྱད་པའི་ཁུ་བ་ཐིགས་པ་གཅིག་འཛམ་བུའི་གླིང་དུ་པོ་བ་ནི་ཛོང་ཇི་དཀར་པོར་སོང་། དེར་བཙན་སྐྱ་རྡོ
40a5 ཟླ་བའི་ལག་ནི་ཤོད་ནིའུ་དཀར་ནག་གང་འཁོར་བཟུང་བར་བྱེད་པ་བདུན་ཡོད་པལ། མོ་ལ་བྱི་རྗེན་དུ་བྱིན་པ་དེ་བླངས་ཏེ། ལག་པ་གཡོན་དུ་བཟུང་ནས། གྲོང་ཁྱེར་ལྗང་ལྡན་ཞེས་བྱ་བར་ཕྱིན་ཙམ་ན། རྒྱལ་པོ་སེང་གེ་རྩལ་ལ་བསོད་སྟར
iiif viewer powered by OpenSeadragon
39b - 40b