| | e-texts navigator
|
39a1 ཟོས་སོ།། ཕྱེན་ཁྱེ་དཀར་པོ་གཅིག་འབྲང་བ་ཡང་བསད་ནས་ཟོས་སོ།། པགས་པ་ལ་རྒྱལ་མཚན་བྱས་སོ།། དེ་ནས་ཁལ་མོ་རེ་མཱ་ཏི་ལྡན་ལ་ཕྲུག་སྐྱེས་སོ།། ཁོང་གཉིས་ཀྱིས་ནལ་ཕྲུག་གི་ཤཱ་ཡང་ཟོས་སོ།། དེ་ནས་ཇོམས་བོང་བུ
39a2 ཞོན་ཁོལ་མོས་ཁ་ཁྲིད་བྱས་ནས་རྒྱ་མཚོའི་ཁར་ཕྱིན་ནས། གཤིན་རྗེ་རླུང་གི་འཁོར་ལོ་ཅན་ཞག་བདུན་བསྒོམས་པས། རླུང་ནག་ཚུབ་མ་ནག་པོ་གཅིག་དྲུང་དེར་གྲུབ་བོ།། དེ་ནས་ལྷ་མོ་དཔོན་གཡོག་གཉིས་ཀྱིས། སྣང་སྲིད་ཀྱི་ལྷ་འདྲེ་མཐུ་བོ
39a3 བོས་ནས་སྨོན་ལམ་བཏབ་པ། ང་ཡང་ཚེ་འདི་འཕོས་མ་ཐག་ཏུ་གསང་སྔགས་ཀྱི་གྲུབ་པ་ཐོབ་ནས་རྒྱལ་བའི་ཞལ་མཐོང་སྟེ། འདོད་པའི་ཁམས་ཀྱི་དབང་ཕྱུག་མར་ཤོག་ཤིག། ངའི་བྲན་མོ་ཕྲེར་པའི་ལྷ་འདི་ཡང་དུས་ཐམས་ཅ་ད་དུང་འདུངས
39a4 པར་ཤོག་ཤིག། ནོར་དུ་མེ་མགོ་ལ་ལོངས་སྤྱོད་པར་ཤོག་ཤིག། ཞོན་པ་བོང་བུལ་བྲུད་ལ། ལག་ཆར་ལ་གྲིལ་བྱེད་པར་ཤོག་ཤིག་ཅེས་སྨྲས་སོ།། རྒྱ་མཚོ་བསྐོང་ཞིང་རླུང་ཚུབ་མ་ལ་བཱ་ཡ་བེ་བཱ་ཡ་བེ་ཞེས་པོས་ཙམ་ན། ཆུབ་མ་བྱུང་བས་དཔོན་གཡོ
39a5 གཉི་ས་ཀ་རྒྱ་མཚོའི་ནང་དུ་བསྒྱུར་ཏེ་བཏང་ངོ་།། དེ་ནས་ལྷྭ་མ་དུང་སྐྱོང་མ་དེས་མི་ཤ་ཟོས་པའི་མཐུ་དང་། རང་གི་སྨོན་ལམ་གྱི་དབང་གིས། རྒྱ་མཚོའི་འབྲུམ་དུ་དྲུང་ཁྲོད་ཆེན་པོ་རིའི་ཚལ་ཞེས་བྱ་བར། གཤིན་རྗེའི་ལྷ་མཐུཅན་གྱི་བུ་མོར་གྱེས་ཏེ། གནོད་སྦྱིན
39a6 ཆེན་མོ་ལ་ཁ་དོག་མཐིང་ནག་ལ་རབ་ཏུ་འཇིགས་པ། མིག་རྩེ་དམར་བ་མཆེ་བཟང་ཡག་ལ་རལ་པི་ཏིང་ཟ་བང་དུ་འདུག་པ་ཅིག་ཏུ་གྱུར་ཏེ། གཤིན་རྗེ་མ་རུ་རྩེ་དང་སྦྱོར་བ་བྱས་པ་ལ་བུ་བདུད་ཁྲམ་ནག་པོ་བྱ་བ་རྒྱང་། བོང་བུ་ཡང་དམར་གཱ་ལ་གཡུའི
39a7 རྣ་བ་ཅན་རླུང་གི་གཤོག་པ་ཅན། མིག་མཇུག་མར་ཡོད་པ་ཅིག་ཏུ་བྱུང་ནས་ནོར་སྐལ་བྱེད་དོ།། དེ་ནས་ཁོབ་མོ་མ་ཏི་རོ་ལངས་མ་འདི་ནི་སྐྱེ་བ་གང་བླངས་ཞེ་ན། རྒྱ་མཚོའི་ནང་དུ་བུད་མེད་ལུས་པོ་ཕྱེད་སྐམས་ལ་ཆུ་སྲིན་གྱི་མགོ་ཅན་གཅིག་ཏུ་སྐྱེས
iiif viewer powered by OpenSeadragon
38b - 39b