| | e-texts navigator
|
38a1 ལྡེམ་གཞོན་ཚུལ་འང་།། གསུང་ན་ཚངས་པའི་དབྱངས་སྙན་མཆོག། ན་འབྲུར་སྟོང་སྣང་བྱེད་པས་འགྱེད་།། སྣོད་འདིའི་སྤྱན་གཞན་ན་དཀོན།། ཨོཾ་ལྗོངས་སྤྱོད་མཛེས་པས་མི་ཐལ་ཡང་།། ཞབས་ཀྱི་ཆས་སུ་ལྤགས་སྒྲོག་འདི་འབྲལ་ཞས།
38a2 མཛད་ཅི་སྡུག་ཅི་ཡང་གསུང་བསྟན།། ཁམས་གསུམ་དག་ན་ཁྱོད་འདྲ་ཤིན་ཏུ་དཀོན།། སེམས་ཅན་ཀུན་གྱིས་ལྟ་བས་མི་ངོམས་ཁྱོད།། བདག་གིས་དབུལ་འདི་བཞེས་པར་གནང་བར་མཛོད།། ཅེས་ཕུལ་བ་ལ། ལྷ་མོས་ལྕགས་སྒྲོག་བླངས་སོ།།
38a3 ནས་རང་གི་གང་པ་གཡས་པཱ་ལ་དཀྲིས་ཏེ་ཀུན་བྱས་སོ།། དེ་ནས་ཁོལ་མོངས། ཛ་མདུད་སྟོང་མཱ་ལ་ཞུས་པ། སྟོང་མོ་བ་མཆོག་དྲང་སྲོང་མ། བདུག་ཞུ་བ་གཅིག་པཆིས་ནཱ་གནང་ངམ་བྱས་པ་ལ། ཇོ་མོ་ནར་ཁྱོད་གློ་བཉིབས་ཅི་ཞུས་པ
38a4 གནང་ངོ་ཟེར་རོ།། དེ་ནས་ལྷ་ནི་དག་བདེན་པའི་སྡོམ་པ་ཡོད་པས། ཇི་སྐད་སྨྲས་པ་ལྟར་བྱེད་པ་ཡིན་ནོ།། དེ་ནས་ཁོལ་མོས་གསོལ་པ། ཀྱེ་བདག་གི་ཡུན་གྱི་རྗེར་གྱུར་དྲུང་སྐྱོང་མ།། ཁྱོད་འདྲ་འཇིག་རྟེན་གཞན་ན་མེད།། འགྲོགས་པས་རྦ
38a5 མེད་སྦྱར་མ་གཅིག་ཤར་འདྲ།། དེང་འདིར་མཆིས་པས་ལྕགས་སྒྲོག་འཕྲུལ་མཁན་དེ།། གཏན་གྱི་གྲོགས་ཟླར་མཛད་པར་ཞུབ་འབྱུལ།། བདག་ཀྱང་དྲུག་ཏུ་ཁྱོད་ཀྱི་དྲིན་མོ་ཐོང་།། ཞེས་ཞུས་པ་ལ། ལྷ་མོ་དེས་སྔར་ཁས་བླངས་པ་དེས
38a6 བྷ་བའི་དབང་མྱེད་ནུས། ལྷ་མོ་ནཱ་རཱི་ཁྱོར་བྱའི་མི་དེ་གདན་འདུག། སྐྱ་ཡིན་བྱས་པ་ལ། ཁོལ་མོས་སྨྲས་པ། དེ་ནི་བདག་གི་ཞང་པོ་སྲིན་པོ་དཱ་ཤ་གྲཱི་བ་ཡིན། ཡུལ་ལ་ངྒེ་པུ་ར་ན་འདུག་ཅེས་སྨྲས་པ་དང་། དེ་ནས་དྲང་སྟོང་མ་དབང་མེད་དྷ་སྲིན
38a7 གའི་ཟུང་མར་སོང་ངོ་།། དེ་ནས་ལྷ་མོ་སྲམས་ཆུ་མོ་དྲུང་སྐྱོང་མ་ལ་དམོད་པ་བོར་བ་ངའི་བུ་མོ་རབ་ཏུ་གཅེས་པར་བྱས་དྷ། སའི་ལོངས་སྤྱོད་མོཛེས་པས་མི་ཐིལ་ཡང་། ངལ་གསངས་ལ་སྲིན་པའི་ཆུང་མར་སོ་།། བྱིན་ཅང་དུ་མོ་མྱོང
iiif viewer powered by OpenSeadragon
37b - 38b