e-texts navigator
Collection
Volume
Page
Wylie

37b1 ཚེམས་བཟང་དུང་ལ་ལྗགས་བཟང་མེ།། ཁྱོད་འདྲ་འཇིག་རྟེན་ཁམས་ན་མེད།། བདག་ནི་ཁྱོད་ཀྱི་གཏན་འབངས་བགྱི།། ཁྱོད་ཀྱིས་བདག་ལ་ཐུགས་བརྫེར་དགོངས།། བདག་ཀྱང་གློ་བ་ཉེ་བར་བགྱི། ཅེས་གསོལ་ཏོ། དེ་ནས་ལྷ་མོའི
37b2 གཡོག་མོ་བྱས་ནས་གྲོ་བ་ཉེ་བར་བྱས་ཏེ་ལྷ་མོའི་ཡིད་ལ་ཅི་འདོད་པ་དགོས་པ་བྱས་སོ།། དེ་ནས་ལྷ་མོ་ཡང་ཁོལ་མོ་དེ་ལ་དགྱེས་ནས་གཅེས་པར་བྱེད་དེ། དེའི་ཚེ་དེའི་དུས་ན་ཡུལ་ལིང་ཀ་པུ་རི་རུ། སྨེའུ་འབལ་ལེ་དང་མགྲིན
37b3 བཟངས་འཐབས་པ་ལ་ལྷ་ཐམས་ཅད་ལྟད་མོ་ལ་འགྲོ་བས། ལྷ་མོ་ཨུ་མས་བུ་མོ་དུང་སྐྱོང་མ་ལ་འདི་སྐད་ཅེས་སུས་སོ།། དེ་རིང་ཁྱོད་ཀྱི་གན་དུ་སུ་འོངས་པས་ཁྱོད་བསླ་སྟེ་འོད་པས། དེ་ལ་མ་ལྟ་ཅིག་ཅེས་བསྟན་ཙམ་ན། ཁོལ
37b4 མོས་སྐབས་དེར་ད་ཤ་གྲཱི་བ་ལ་སྨན་ནོ།། དེར་སྲིན་པོ་ད་ཤྭ་གྲཱི་བས། སྲིན་གྱི་བོང་བུ་དམར་གྲཝ་ལ་ཞོན་ནས། ལྷ་མོའི་ཕོ་བྲང་སྒོར་ཕྱིན་ཏེ་སྲིན་པོ་ཁོ་བདག་ནི་མིའི་ཆ་བྱད་ལ་ཤིན་ཏུ་གཟུགས་བཟང་ལ་མཛེས་པ་ཅིག་ཏུ་སྤྲུལ། བོང་བུ་ནཱི་ར་དགས་ག་དོར
37b5 སྨག་པོ་ཅིག་ཏུ་སྤྲུལ་ཏེ། ལྷ་མོ་དུང་སྐྱོང་མའི་སྤུན་སྦུར་ཕྱིན་ནས། རོལ་མོའི་སིལ་སྙན་དང་གླུ་དབྱངས་སྣ་ཚོགས་བུས་པས་བསླུས་སོ།། ལྷ་མོ་རོལ་མོ་ལ་དགའ་བས་འཛུམ་ཅིག་ཤོར་རོ།། དེ་ནས་སྲིན་པོས་གླགས་རྙེད་དེ། ལྕགས་ཀྱི་ལྷམ་སྒོག་སྔོན
37b6 པོ་བཀྲོལ་ནས་བཟུང་སྟེ་གྲུ་འདི་སྐད་བླངས་སོ།། ཀྱི་ཡོངས་འདུ་ཤིང་གི་གནས་མཆོག་ན།། རིན་ཆེན་མཛེས་པའི་ཕོ་བྲང་ནས།། བེདདེ་ལྡན་འཕྲུལ་གྱི་ལྡིང་ཁང་ན།། དགྱིང་བག་ཚུལ་དུ་གར་མཛད་པ།། དབང་ཕྱུག་སྲས་མོ་མ་ལགས་སམ།། དགའ་བྱང
37b7 དུད་སྐྱོང་མ་ལགས་སམ།། ལྷ་མོ་མང་པོའི་ཚོགས་དང་རོལ།། དབུ་ཡི་སྨན་ཆ་གདུབ་འཁོར་ནི།། རིན་ཆེན་མཛེས་པས་ཀུན་ནས་སྤྲས།། སྤུན་ནི་ཨུཏྤལ་འདབ་མ་འདྲ།། ཤངས་ནི་བིལ་བའི་འབྲས་བུ་འདྲ།། ཞལ་ནས་ཨུཏྤལ་དད་ཀྱང་བྲོ།། སྐུ་ནི་འཁྲིལ




iiif viewer powered by OpenSeadragon

37a - 38a

Texts on this page

Gdg023.4 - mkha' 'gro ma me lce 'bar ba'i rgyud