| | e-texts navigator
|
37a1 པ་ལས། ཕས་ནི་ཁྱེ་འུར་སྒྲོན་ལམ་བཏབ། མས་ནི་བུ་མོར་སྨོན་ལམ་བཏབ། མའི་སྨོན་ལམ་མཐུ་བཙུན་པས། ཡ་མཚན་ཅན་གྱི་བུ་མོ་གཅིག་ཟུང་། ཕ་ཁྲོས་པས་ཐལ་ཁུང་དུ་བར་རོ།། མས་སླར་བླངས་ནས་ལུས་ཀྱི་དྲོད་ལ
37a2 བཙས་ནས། ཨཱ་ཡུ་བྷྲཱུཾ་ཞེས་ཚེ་དྲངས་གསོས་ཏེ། ཕས་མིང་བཏགས་པ་སྦས་པའི་བྲལ་མདོག་མར་མིང་བཏགས། མས་མིང་མི་ཕམ་ཁྲོ་གཉེར་རོ་ལངས་མར་མིང་བཏགས། གནོད་སྦྱིན་ལག་ན་རྡོ་རྗེས་དམོད་བཙུགས་ནས་མིང་བཏགས་པ།
37a3 དུས་ཐམས་ཅད་དུ་ནག་མོ་དྲི་མ་ཏི་ཞེས་བྱ་བར་གྲགས་པར་གྱུར་ནས། སངས་རྒྱས་ཀྱི་བསྟན་པ་བསྲང་བའི་ནུས་མཐུ་དང་ལྡན་པར་གྱུར་ཅིག་ཅེས་མིང་དུ་བཏགས་པའི་ཚེ། བར་སྣང་གི་ལྷ་མ་སྲིན་སྡེ་བརྒྱད་པོ་ཡོངས་ཀྱིས་ཀྱང་དེ་ལྟར
37a4 གྱུར་ཅིག་ཅེས་བཟླས་སོ།། དེ་ནས་སྐྱེ་པ་ཐམས་ཅད་དུ་ནག་མོ་རེ་མ་ཏི་ཞེས་བྱ་བར་གྲགས་སོ།། ལྷ་མོ་དྲང་སྐྱོང་མས་མིང་བཏགས་པ་ནི། སྲིན་མོ་དམར་འདུབ་ཐར་པའི་ལྷ་གསེར་ཅན་ཞེས་བྱ་བར་མིང་བཏགས་སོ།། དུས་དེར་སྲིན
37a5 དྲཤ་གྲཱི་བ་དེས། ད་ནི་ཁྱེབ་པོ་ལྕི་བ་པོའི་སྒྲས་འཇིག་རྟེན་དུ་གྲགས་སོ།། སྲིང་མོ་དང་རྣ་ལ་རྩེ་གཉིས་ཀྱིས་མིང་པོ་མ་ཁྱབ་པར་ཅི་འདོད་པ་ང་ལ་སྨྲོས་ཤིག་ཅེས་གསོལ་ཏོ།། ད་ཤ་གྲཱི་བས་གསོལ་པ། ང་ནི་ལྷ་མུ་དུང་སྐྱོང་འདོད་དོ་ཞེས་གསལ་ཏོ།།
37a6 སྲིང་མོས་སྨྲས་པ། ངའི་བུ་མོ་ཕྲར་པའི་ལྷ་འདི་ནི་ལྷ་མོ་དུང་སྐྱོང་གི་ཁོལ་མོ་བྱེད་དུ་གསོལ་ཏེ། དེ་ནས་གདོད་བསྡུའོ་ཞེས་སྨྲས་སོ།། དེ་ནས་རྣ་ལ་རྩེ་ཡིས་བུ་མོ་ཁྲིད་ནས་དཀར་མོ་དུང་སྐྱོང་གི་གཡོག་དུ་ཕུལ་ལོ།། དེ་ནས་རེ་མ་ཏི་ས་དཀར་མོ་དུང
37a7 སྐྱོང་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཆེ་ཞེ་ཆེན་མོ་རིགས་ཀྱི་ཡུམ།། བདག་ཉིད་ཆེན་མོ་ག་གར་མ།། དབུ་བཟང་རིན་ཆེན་ཐོར་ཚུགས་ལ།། བཻ་ཌཱུར་སྔོན་མོ་འོད་ལམ་ལམ།། ཞལ་བཟང་པདྨའི་དཀྱིལ་འཁོར་དུ།། ཉི་ཟླ་ཕྲུགས་གཅིག་རྒྱན་བཀོད་དེ།
iiif viewer powered by OpenSeadragon
36b - 37b