| | e-texts navigator
|
36b1 དམག་མིར་སྤྲུལ་པ་འདྲ་སྟེ། ལྷ་མོ་ཙ་མུ་ཎཱི་ས་ཧེ་ར་ཎ་ཀེ་ཤུའི་ཐོད་པས། ཁྲག་བཅུས་ཤིང་རོལ་པས་འཕེལ་མ་ནུས་པར་བྱེད་ཀྱི་ན་མཚོན་གྱི་ཆར་ཕབ་ནས། ཙ་མུརྟྟིའི་ལྟེ་བ་ལ་ལྷ་བྱེ་བ་དུང་ཕྱར་རྣམས་ཀྱི་རྫོད་བྱས་པས་འཐབས་སོ།། ལྷ་དམག་དཀར་པོ་རྒྱལ
36b2 པར་བྱས་ཤིང་དཔག་བས་མ་ཤིང་གི་མངའ་བདག་ཏུ་གྱུར་ཏེ། རྣམ་པར་རྒྱལ་བའི་ཁང་བཟངས་ཀྱང་རང་བྱུང་དུ་ཡོད་དོ།། ལྷ་མ་ཡིན་འཕམ་པར་གྱུར་ཏོ།། བརྒྱ་བྱིན་ཉོན་ཅིག། དེ་ནས་ལྷའི་བུ་མོ་ཙ་མུཎྜི་དེས། རི་ཁྲོད་ཆེན་པོ་མདངས་དགའ
36b3 ཞེས་བྱ་བར། ཤི་ཐོད་ཞེས་བྱ་བྲ་ལ་མ་ན་རྒྱས། མ་བན་དུ་ནགས་པ་མི་ཁས་པའི་གངས་བཟླས་པ། སྐམ་པརྟག་པའི་གཟོད་ཀྱི་མཚན་ཞེས་མ་ར་ཝཱར།། ། དེནས་ས་དས་མ་ཤེ་སང་པ་ག་ཞེས
36b4 ཆུབ་སེམས་དཔའ་དེ་བྱ་ཁྱུང་ཀ་རུ་ཎ་ཞེས་བྱ་བས་འཚེ་བ་ལ། ལྷ་མོ་པརྞྞ་ཤ་བ་རི་དེས་བྱ་ཁུང་བཏུལ་པས་ཀླུ་བསྐྱངས་ཏེ། ལྷ་མོ་དཀར་མོ་དུད་སྐྱོང་མ་ཞེས་བྱ་བར་གྱུར་ཏོ།། ལྷ་མོ་དུང་སྒོང་མ་དེ་ནི་རི་ར་བ་རྩེ་མོ་རྣམ་པར་རྒྱལ་བའི་ཁང་བཟངས་རྩ།
36b5 བྱང་ཤར་གྱི་མཚམས་བྱང་ཆུབ་ཀྱི་ཤིང་དྲུང་ན། རིན་པོ་ཆེའི་ཁང་པ་བདུན་པ་རྩེགས་ཀྱི་གཞལ་ཡས་ཀྱི་ཁང་ན། རིན་པོ་ཆེའི་ཁྲི་སྟེངས་ན། གསེར་དངུལ་བཻ་ཌཱུརྱའི་དབུ་རྒྱན་དང་མགུར་ཆུས་བརྒྱན་ཏེ། ལུས་འགྱིང་བག་ཏུ་བཞུགས་སོ།། ལྷའི་རྔ
36b6 དང་བུ་མོ་མང་པོས་ཀྱང་ལོངས་སྤྱོད་དང་། གླུ་དང་དབྱངས་དང་། རོལ་མོ་བསམ་གྱིས་མི་ཁྱབ་པའི་མཆོད་པ་བྱེད་དོ།། བརྒྱ་བྱིན་ཉོན་ཅིག། དེ་ནས་ཡུལ་ལངྒ་པཱུ་རི་རུ་སྲིན་པོའི་གྲོང་ཁྱེར་བདུན་འབུམ་ཡོད་པ་ལ། ལྷ་རྣམས་ཀྱིས་སྐྱོན་ཕྲབ་སྐྱེ། སྲིམ
36b7 པོ་དག་གྲཱི་བ་དང་། དེའི་སྲིང་མོ་རྣ་ལ་རྩེ་གཉིས་ལུས་སོ།། དེ་ནས་སྲིན་པོད་ཤ་གྲཱི་བས། ལྷ་དང་མི་འདུལ་འདོད་པའི་དོན་ཆེད་དུ། སྲིང་མོ་ལྷ་མ་ཧཱ་དེ་བ་ལ་བཙུན་མོར་ཕུལ་ལོ།། དེ་ནས་ལྷ་དབང་ཕྱུག་མ་ཧཱ་དེ་བ་དང་། སྲིང་མོ་རྣ་ལ་རྩི་གཉིས་ཚོགས
iiif viewer powered by OpenSeadragon
36a - 37a