| | e-texts navigator
|
34a1 །། ལས་ལངས་ཏེ། དཔལ་ཕྱག་ན་རྡོ་རྗེ་ལ་བསྐོར་བ་ལན་གསུམ་བྱས་ནས། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱིས་མཆོད་པ་བྱས་སོ།། དེ་ནས་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། རྡོ་རྗེ་འདོན་པ་གསང་དབང་པོ།། ཡིད་བཞིན་ནོར་བུ་རབ་འདྲ་ཞིང་།། དངོས་གྱུར
34a2 ཚོགས་ལ་མངའ་བརྙེས་ཁྱོད།། སྙིང་རྗེ་བདག་པོ་ཡིན་པས་ན།། མ་འོངས་སེམས་ཅན་སྐལ་ལྡན་གྱི།། རྡོ་རྗེ་མཁའ་འགྲོ་གོ་འཕང་མཆོག། ནག་མོ་མེ་ལྕེ་འབར་བའི་རྒྱུད།། བདག་ནི་ཁྱོད་ལ་དྲི་བར་འཚང་།། དེང་འདིར་སྟོན་པས་སྐབས་འབྱེད་བྱ།། ཞེས་གསོལ་པ
34a3 དང་། དཔལ་ཧཱུཾ་མཛ་ཆེན་པོ་དེས་མེ་འབར་བའི་གདན་ལས་བཞེངས་ཏེ། རྡོ་རྗེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བརྒྱ་བྱིན་ལ་སེང་གེའི་ལྷ་སྟངས་ཀྱིས་གཟིགས་ནས། གླང་པོ་ཆེའི་འགྱིང་བག་ཏུ་གོམ་པ་གསུམ་བོར་ཏེ། ཧཱུཾ་ཧཱུཾ་ཧཱུཾ་གི་སྔགས་བཟླས
34a4 ཡེ་ཤེས་ཀྱི་ཕྱག་གིས་རྡོ་ཛ་ལན་གསུམ་ནམ་མཁའ་ལ་དྲིལ་ཏེ། འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡས་སོ།། དེ་ནས་དཔལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་བཀའ་སྩལ་ཏོ།། སྙིང་རྗེའི་ཡིད་ཀྲིས་བརྒྱ་བྱིན་ཉོན།། སྦྲུལ་ལྡན་དུས་མཐའི་སེམ་ས་ཅན་རྣམས། མི་ཛ
34a5 ཆོས་སྟི་རྒྱལ་མཚན་དང་།། རྡོ་རྗེ་མཁའ་འགྲོ་མ་ལྕེའི་རྒྱུད།། བདག་གཞན་དོན་ལ་འཇིགས་མེད་པ།། ངས་བཤད་ཁྱོད་ཀྱི་ཡིད་ཀྱིས་ཟུང་། ཞེས་བཀའ་སྩལ་པ་དང་། བརྒྱ་བྱིན་ལ་སོགས་པའི་འཁོར་ཤིན་ཏུ་དགའ་བ་དང་། སློབ་སྐྱེས་ནས། ལ་ལས་ནི་མེ་ཏོག་མནྟ་ར་བ་ད
34a6 པྲཎྜ་རི་ཀ་དང་། པདྨ་དང་། ཨུཏྤ་ལ་དང་། ཙམ་པ་ཀ་དང་། བུ་རམ་དང་། བདུག་སྤོས་དང་། མར་མེ་དང་། བྱུག་པ་དང་། ཁ་ཟས་དང་། གདུགས་དང་། བ་དན་དང་། བསིལ་ཡབ་དང་། བླ་རེ་དང་། རྒྱལ་མཚན་དང་། འཕན་ལ་སོགས་པ་ཕྱིའི་མཆོད་པུས་མ་ཆོད་དོ།།
34a7 འཁོར་ལ་ལས་ནི་བདུད་རྩི་རྣམ་པ་ལྔ་དང་། ལྕགས་ཀྱུ་ལ་སོགས་པ་ནང་གི་མཆོད་པས་མཆོད་དོ།། འཁོར་ལ་ལས་ལྷ་མོ་དང་གནོད་སྦྱིན་མོའི་ཆ་བྱད་དུ་བྱས་ནས་གསང་བའི་མཆོད་པས་ཕུལ་ལོ།། དེ་ནས་དཔལ་ཕྱག་ན་རྡོ་རྗེ་ལ་ལྷའི་དབང་བ་བརྒྱ་བྱིན་གྱིས་འདི་སྐད་ཅེས
iiif viewer powered by OpenSeadragon
33b - 34b