| | e-texts navigator
|
33b1 ཐཾད་དུ་བཅིངས་པ། ཀྲ་ཏཀྵ་ཀས་རྐེད་ཅིངས་བྱས་པ། གྷཱ་ཀུན་ནས་གདུགས་དང་། སག་མ་མད་ཀྱིས་གདན་ཁྲི་བྱས་ཏེ། ཁྲོ་བོ་ཆེན་པོའི་མཟད་དུ་རྫས་ནས་བཟུགས་སོ།། དེའི་འཁོར་ནི་ཚངས་པ་དང་། འཇུག་མེད་དང་། བརྒྱ་བྱིན་དང་། མ་ཧཱ་ཀཱ་ལྀ་དང
33b2 དྲང་སྲོང་མེ་བཞི་འཇུག་དང་། ཐང་ལ་གནས་དང་། གཤིན་རྗེ་རྟེལ་པ་ནག་པོ་དང་། སྲིན་པོ་རཱ་མ་ཎ་དང་། ཆུའི་ལྷ་དང་། རླུང་གི་ལྷ་དང་། གནོད་སྦྱིན་ཆེན་པོ་ཀུ་བེ་ར་དང་། འབྱུང་པོ་དབང་ལྡན་དང་། ཉི་མ་དང་། ཟླ་བ་དང་། སྐར་མ་དང་། ས་བད
33b3 ལག་ཆེན་དང་། མ་མོ་ནག་མོ་རལ་གཅིག་མ་དང་། ལྷོ་འཕྱེར་བ་བརྟན་དང་། གྲུལ་བུམ་དང་། དྲི་ཟ་དང་། མི་འམ་ཅི་དང་། རྣམ་ཐོས་ཀྱི་བུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། འབྱུང་བ་ཕོ་མོ་དང་། གཅན་གཟན་གྱི་ཚོ་གས་ནི་སེང་གེ
33b4 སྟག་དང་། ཁྭ་དང་། སྲང་གི་དང་། དོམ་དང་། ཆུ་སྲིན་དང་། གུང་དང་། གཟིག་དང་། ཅེ་སྤྱང་དང་། སྲེ་མོ་དང་། ཁྱི་ལི་འདུ་དང་། འབར་བ་དང་། སྲམ་དང་། བྱའི་ཚོགས་ཀྱང་བྱ་རྒོད་དང་། ཆུ་ཀླག་དང་། དུང་བུ་ཀངྐ་དང་། བཞད་དང་།
33b5 དང་། བྱ་རོག་དང་། སོ་བྱ་དང་། འུག་པ་དང་། ཁྲ་དང་། སྐྱེག་དང་། སྲིན་བྱ་དང་། ཤང་ཤང་ཏོའུ་དང་། ནེ་ཅོ་ཡང་ཡོད་དོ།། གཞན་ཡང་གླང་པོ་དང་། ཤ་སྦྲང་དང་། སྦྲུལ་གདུག་པ་ཅན་དང་། རུས་སྦལ་དང་། རྔ་མོ་དང་། བསེ་དང་། ཕག་རྒོད
33b6 དང་། བ་མེན་དང་། ཁྱི་སྭ་དང་། ཤ་བ་དང་། གྲ་བ་ལྔ་སོགས་པས་བསྐོར་ཏེ་བཞུགས་སོ།། དེའི་ཚེ་འཁོར་འདུས་པ་དེ་རྣམས་ཀྱི་ནང་ནས་གླང་པོ་ཆེ་རབ་ཏུ་བརྟན་པ་གཙུག་ན་གསེར་གྱི་དྲ་བས་བརྒྱན་པ། མགོ་བོ་སུམ་ཅུ་རྩ་གསུམ་ཡོད་པའི་སྟེང་ན།
33b7 ཉེ་དབང་སུམ་ཅུ་རྩ་གཉིས་ཀྱི་དབུས་ནས། ལྷ་རྣམས་ཀྱི་དབང་པོ་བརྒྱ་ཕྲིན་ཞེས་བྱ་བ། སྐྱེ་བོའི་གཙུག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འབར་བ། ལུས་ལ་གསེར་དང་། བཻ་ནྡ་རྱས་བརྒྱན་པ། དེས་འཁོར་ལོས་སྒྱུར་བའི་ཆ་བྱད་དུ་བྱས་ནས། གླང་པོ་ཆེའི་སྙན
iiif viewer powered by OpenSeadragon
33a - 34a