e-texts navigator
Collection
Volume
Page
Wylie

33a1 གཙུད་སྦྱིན་ས་ལ་འག་དང་གནས་པའི་དྲང་ཁྲོད། སྲིན་པ་ཡ་ཏདྷ་རུ་ཥཀའི་འཆགས། བདུད་གཅིག་ཕྲད་ནག་པའི་ཁ་པ། རྩུབ་འགྱུར་གྱི་རྒྱལ་ལྡན་པ། ལྷ་དང་ལྷྭ་མ་ཡིན་གསལ་འགྱེད་པའི་གནས། འབྲུང་བོ་དག་ག་ལ་ཌྒ་གྶ་གང་ནག
33a2 ཤ་ཀ་སྐྱེས། སྲིན་མོ་ཀདྒ་ལ་ཟངས་ཀྱི་གཤོག་པ་མེ་ལྟར་འབར་བའི་ཞིང་ཁམས་མི་རོ་གསར་རྙིང་མང་པོ་ཡོད་པ། ནམ་མཁའ་ལས་ཏྲི་ཤཱུལ་དང་འཁོར་ལོ་དང་ལྕེ་འབབ་པ། ས་གཞི་ལས་རལ་གྲི་དང་། སྤ་གྲི་དང་མདུང་རྩེ་ལྔ་པ་སྐྱེས་པ། རི་བོ་ཐམས་ཅད་ཀེང
33a3 ནུས་སུ་སྣང་བ། ཆུ་ཀླུང་ཐམས་ཅད་རྡག་ཁྲག་ཏུ་འབབ་པ། ས་ཕྱོགས་ཐམས་ཅད་ནི་མི་རོ་ཨུཏྤལ་སྔོན་པོའི་དྲི་མནམ་པ། ཉེ་འཁོར་ན་རྔམ་པ་དང་། དྲ་བའི་པ་རོ་རབ་ཏུ་འཇིགས་པ་དྲག་སྟེ། ཤིན་ཏུ་འཇིགས་པ་རབ་ཏུ་སྟི་གཡའ་བའི་གནས་དེ་ན། བཅོམ
33a4 ལྡན་འདས་དཔལ་འཇིགས་བྱེད་ཀྱི་རྒྱལ་པོ། རིགས་སྔགས་དང་གསང་སྔགས་ཀྱི་བདག་པོ།། ཐབས་དང་ཤེས་རབ་ཀྱི་དབང་ཕྱུག། སྒྲ་དང་ཡེ་ཤེས་ཀྱི་རང་བཞིན། དྲག་པོ་ཆེན་པོ་དཔལ་ཕྱག་ན་རྡོ་རྗེ་སྙིང་རྗེ་ཆེན་པོ་གཏུམ་ཞིང་ཁྲོ་བ། ལུས་བསྐལ
33a5 པའི་མེ་ཆེན་པོ་ལྟར་འབར་བ། སྲིད་པ་གསུམ་དང་བདུད་བཞི་དང་། ཉོན་མོངས་པ་བརྒྱད་ཁྲིད་དང་། སྒྲིབ་པ་རྣམ་པ་གཉིས་ལས་རབ་ཏུ་རྒྱལ་བ། སངས་རྒྱས་སྟོང་རྩ་བརྒྱད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་ལས་གྲུབ་པ། བྷྲ་མ་སྲིན་སྡེ་བརྒྱད
33a6 ཀྱིས་མཆོད་ཅིང་ཕྱག་བྱས་པ། ཉི་མ་སྟོང་གི་གཟི་དང་ལྡན་པ། དབུ་སྐྲ་ཁམ་པ་གྱེན་ལ་བརྫེས་པ། སྤྱན་སྡང་མིག་མེ་ལྟར་འབར་བ། ཤངས་ཀྱི་རླུང་སྦོམ་ནས་བསྐལ་པའི་རླུང་འབྱུང་བ། ཞལ་གྱི་མཆེ་བ་རྡོ་རྗེ་ཟླ་ཆོས་སུ་གཙིགས་པ། རིན
33a7 མོ་ཆེ་མ་གཏུས་དབུ་བརྒྱན་པ། རིགས་རྗེའི་རྒྱལ་བ་མི་བསྐྱེད་པ་བཞུགས་པ། བོད་པསམ་སྔོན་གྱི་དབུ་རྐྱེན་དང་མགུར་རྒྱ་ཅན། མཆོག་དང་ཐང་ཤོ་ཀ་བས་བརྒྱན་པ། ལག་རྡོ་རྗེ་རྩེ་ལྔ་པ་འཛིན་པ། ཀླུའི་རྒྱལ་པོ་གཟི་ཅན་གྱིས




iiif viewer powered by OpenSeadragon

32b - 33b

Texts on this page

Gdg023.4 - mkha' 'gro ma me lce 'bar ba'i rgyud