| | e-texts navigator
|
32b1 དྲག་སྔགས་གསུང་གི་དབང་ཡང་བསྐུར།། གཉིས་མེད་ཐུགས་ཀྱི་དབང་ཡང་བསྐུར།། ཡེ་ཤེས་ཡོན་ཏན་དབང་ཡང་བསྐུར།། ཐུན་རྫས་ཕྲིན་ལས་དབང་ཡང་བསྐུར།། འབྲས་བུ་སྣ་ཚོགས་གཏོར་མས་བསྐུར།། བྱང་སེམས་དཀར་དམར་སྤོར་བའི་དབང་།།
32b2 རྣམས་གས་པར་ཤཱམ་ག་ཀྱིགས་། དགས་པ་ན་ས།། མམ་པསྐྱེས་མ། ས་གས་ནིཿ།། ཟབདུཿཔ་ནག་ས་རྫུན་པས་ས་ཅྀ་། །།
32b3 དེ་ནས་དཔལ་ལྡན་རང་བྱང་རྒྱལ་མོ་ངས། འདི་སྐད་ཅེས་བཀའ་སྩལ་ཏོ།། ཧེ། ང་ནི་དུས་གསུམ་ཐམས་ཅད་དུ།། ང་ཡི་ཐུགས་རྡོ་ཀུན་མི་འཆད།། ང་ནི་བདེ་གཤེགས་སྦྱོར་སྡེ་མོ།། དམ་ཚིག་ཅན་གྱི་དགྲ་འདུལ་མ།། ད་ནི་ནལ་འབྱར་སྒྲུབ་རྗེ་མོ།། དམ་ཚིག་ཉམས་པའི་སྲོག
32b4 གླེས་པ་རྣཾན། ། ན་པའི།། ག་གས་། ས་། །
32b5 དེ་དག་ཐམས་ཅད་ང་ཡིན་པས།། ང་ཡི་སྤྲུལ་པ་བསམ་མི་ཁྱབ།། ང་ཡི་མིང་ནི་ཅིར་ཡང་གྲགས།། ང་ཡི་ཕྲིན་ལས་ཐམས་ཅད་བྱེད།། ཀུན་གྱི་རྩ་བ་གཅོད་འདོད་ན།། ཐམས་ཅད་ང་ཡིན་ང་ཉིད་ལྟོས།། ང་ཉིད་ཡོངས་སུ་གཟུང་བར་གྱིས།། ཞེས་ཟེར་ཏེ་མི་སྣང་བར་གྱུར་ཏོ།། ཡོངས་སུ
32b6 གཏང་བའི་སྐབས་ཏེ་སུམ་ཅུ་གཅིག་པའོ།། ། སྙིང་པོ་འགྱུར་བའི་ཀྱད་རྫོགས་སོ།། དེ་བ་ཙནྡྲ་ལ་བཻ་རོས་ཞུས།། རྒྱ་གར་སྐད་དུ། ཌཱ་ཀི་ནཱི་ཨ་གྣི་ཛ་ཧྲ་ཛྭ་ལ་ཏནྟ། བོད་སྐད་དུ། མཁའ་འགྲ་མ་མཱ་ལྕེ་འབར་བའི་རྒྱུད། སྲེད་གསུམ
32b7 འཇིགས་བྱེད་དྲག་པོ་རྡོ་རྗེའི་སྒྲ།། བདག་དང་གཞན་གྱི་དཔལ་གྱུར་སྙིང་རྗེ་ཅན།། བདུད་ལས་རྣམ་ཡུལ་ཡེ་ཤེས་ལྔ་དང་ལྡན།། ཕྱག་ན་རྡོ་རྗེ་ཆེ་ལ་ཕྱག་འཚལ་པ་སྟོད།། འདི་སྐད་བདག་གིས་ཟོས་པ་དུས་གཅིག་ན། རི་རབ་རིའི་རྩེ་མོ་གཤིན་རྗེ་འབར་བའི་ཕོ་བྲང་།
iiif viewer powered by OpenSeadragon
32a - 33a