e-texts navigator
Collection
Volume
Page
Wylie

32a1 ནས་དུད་འཕྲུལ་མངོན་གཏོང།། སྲུལས་ཐེར་འཐོས་འགྲམ་ནད་གཏོང་།། ཁང་ནས་ནད་སོང་མཁྲིས་པ་གཏོང་།། དེ་བྱེར་ནད་ཀྱི་བདག་མཽ་དམྱལ་འདྲ། གཡས་ན་གསེར་མི་ཟག་ཆེན་བླངས་ས་ཟང་།། གཡོན་ནག་ཡུམ་མམ་ཚན་ཟིལ་ལོ།། སྨན
32a2 ན་མོན་མོ་མཛེས་མོ་ཤ་རར།། ཀླད་ནབལ་མོ་མཛེས་མ་ལྡེམས་སེ་ལྡེམ།། ཞབས་གཉིས་དོར་ཐབས་ད་མ་ཉམས་སྙིང་དང་ལྟེ་བར་གཟིར།། ལྷས་ངན་ལ་སྤང་ཚོ་དེ་དི་རི་རི།། འདབ་ཆགས་ཕ་ཐབས་མང་པོ་ཞལ་ལ།། ཤ་ཟན་སྡེར་ཆགས་མང་པོ་འཕུར་ལྟབ་ལྦབ།། སྔར
32a3 ཆགས་སྟག་གཟིག་མང་པོ་འཛུམ་མདངས་མུ་ལུ་ལུ།། སྦལ་ནག་སྲུལ་ནག་སྡོམ་སྡིག་ཏི་ལི་ལི།། ཅེ་སྲང་ཁག་དངས་མང་པོ་འདུ་ཆུ་རུ།། མོན་པ་སྤྲེའུ་སྲ་ཞོན་ཡེ་རེ་རེ།། གསེར་འོད་གཡུ་འོད་དུང་འོད་ལམས་སེ་ལམ།། བུད་མེད་ནགྲ་མོག་ཡབ་འདོར་ལིངས་སེ་ལིང་།། ལྷ་ས་ངན་ཡང
32a4 སྦྲུལ་མང་པོ་ཐིབས་སེ་ཐིབ།། དེ་ཕྱིར་ལྟས་ངན་བདག་མོ་དམ་ལ་འདྲ།། ཉིད་ཀྱི་ཆེ་བ་བརྗོད་ཀྱིས་མེ་ལང་སྟེ།། ཡོན་ཏན་སྣ་ཚོགས་འབྱུང་བའི་དཔལ་ལྡན་མ།། ལྷས་ངན་ཆོ་འཕྲུལ་དགྲ་ལ་དབབ་ཏུ་གསོལ།། མ་མ་ཨི་ལ་ཏ་ཀ་ཀེད་ཀྱིང་ཀྱིང་མཁའ་ལ་ལྡིང་། ངུར་དུ་སྒོ་རོག་མ་ཆུག་པ་ལ
32a5 ཚོར། ཨ་མོ་ཀར་ནོངས་ཞེས་ཡུངས་ཀར་ལ་བཟླས་ལ་གཏོར་རོ།། ལྷས་ངན་ས་ཚོགས་སུ་ཤིག་ཅིས་ནང་བར་འགྱུར་རོ།། ཟཟེད་སྦྲང་རྒྱལ་ནག་མོའི་རྒྱུད་ལས་མངོན་དུ་བསྐུལ་བའི་སྐབས་ཏེ་ཉི་ཤུ་དགུ་པའོ།། ། དེ་ནས་ཡང་དག་བཤང་བྱབ།། བསྟན་པའི
32a6 བསྲུང་མར་དབང་བསྐུར་ཏེ།། མཎྜལ་མདའ་གང་གྲུ་བཞི་ལ།། སྣ་ཚོགས་ཁྲག་གིས་ཆག་ཆག་གདབ།། རྡོརྗེ་སྔགས་སྤང་ནག་མོ་ནི།། ལུགས་སམ་ཡང་ན་དར་དཀར་ལ།། མཁས་པས་རྦ་བྱ་རྫོགས་པར་བྲི།། དེ་ཡི་མཐའ་མར་རྫས་རྣམས་དག། ཏིང་འཛིན་བརྟན
32a7 པས་དགུག་ཅིང་བསྟིམ།། ཡང་ནས་ཡང་དུ་དམིགས་པ་བསྐྱེད།། དམིགས་པ་བརྟན་པོར་གྱུར་པ་ན།། བསྟོད་ཅིང་བསྐང་ཞིང་དབང་ཡང་བསྐུར།། བཀའ་རྟགས་ཕྱག་རྒྱའི་དབང་རྟགས་ཡིན།། རུ་དང་ནག་པོ་རྟེན་དུ་བཅའ།། འབར་བ་སྐུ་ཡི་དབང་ཡང་བསྐུར།།




iiif viewer powered by OpenSeadragon

31b - 32b

Texts on this page

Gdg023.3 - ma mo e ka dza ti za byed spyang rgyal nag po'i rgyud