e-texts navigator
Collection
Volume
Page
Wylie

31a1 ཏྲག་ལས་སླར་བསྐྱེད་རྫོགས་པ་ནི།། ཐུགས་ཉིད་མྱ་ངན་ལས་འདས་ཀྱང་།། བློར་གྲཝ་ཁམས་གསམ་མཛད་པའི་རྟགས།། རལ་པ་མཐེང་ནག་འབྱུར་བ་ནི།། ཆོས་ཉིད་འགྱུར་བ་མེད་པ་ཡི།། དོན་མ་ཐུགས་ས་ཆུད་པའི་རྟགས།
31a2 རལ་པ་པོར་ཚུགས་གཅིག་བཅིངས་པ།། ཁམས་གསུམ་དབང་དུ་སྤྲད་པའི་རྟགས།། ཕྱག་གཡས་ཞིང་ཆེན་ཅོཏ་ནི།། འགྲོ་དྲུག་ཅུད་ནས་གཅོད་པའི་རྟགས།། ཕྱག་གཡོན་ག་ཡུ་ཡི་སྦྲང་མོ་ཕྲ་ཐབས་གཏོང་བ་ནི།། གདུག་པའི་དགྲ་བགེགས་གྱུར་དུ་འདྲེན་པའི
31a3 རྟགས།། ཐུགས་ལས་སྲུང་མོ་དགུ་འབྲམ་འཕྲོ་བ་ནི།། སྟོང་ཁམས་དགྲ་པོ་མ་སྐྱེས་སྒྲོལ་བའི་རྟགས།། ཞབ་སྣ་གཉིས་གྱད་ཀྱི་དོར་ཐབས་བཞུགས་པ་ནི།། ཐབས་དང་ཤེས་རབ་གཉིས་མེད་སྦྱོར་བའི་རྟགས།། མ་མོ་ནག་མྱོ་གདུག་པའི་སྲོག་སྒྲོ་ལ་མ།
31a4 མངོན་པར་བསྟོད་ཀྱི་མཐུ་མ་ཆུང་།། ཞེས་བརྗོད་དོ།། དེ་ནས་ཕྲིན་ལས་ཀྱི་སམ་མོ་འདི་སྐད་བསྐུལ་བར་བྱའོ།། ཕྲིན་ལས་རྣམ་བཞི་ལྡན་གྱིས་གྲུབ།། གྲཝ་གསུམ་མཐིང་ནག་ཀློང་དཀྱིལ་ནས།། སྔགས་ཀྱི་སྲུང་མ་མཐུ་མོ་ཆེ།། མུ་མདོག་མཐིང་ནག
31a5 འབར་བ་ལ།། རལ་པའི་ཟར་བུས་ས་གཞི་ཁེབས།། གཡས་ཀྱི་ཁྲག་ན་ཞིང་ཆེན་ཙིཏྟ་བསྣམས།། གཡོན་ན་ག་ཡཱ་ཡི་སྤྱང་མོ་བསྡམས།། ག་ཡུ་ཡི་སྤང་མོ་དགུ་འབུམ་ཐུགས་ཀྱི་ཕོ་ཉར་འགྱེད།། འཛིན་བྱེད་འབར་བའི་ལྕགས་ཀྱུ་ཡིས།། མིག་གི་དབང་པོ
31a6 མངོན་དུ་ཕྱུང་།། ལྕགས་ཀྱི་སྡེར་ཆེན་གདེངས་པ་ཡིས།། ལུས་ཀྱི་ཁོང་ཁྲོལ་སྙིང་གྱུང་ཞིང་།། སྤང་མོ་སྩལ་པའི་འཕྲོང་དུ་ཡིས།། སྲོག་ཏུ་སྙིང་རྩ་ཕྱུང་ལ་ཤོག། མགོ་དང་ལུས་སུ་ཕྲོལ་ལ་ཤོག། ཤ་དང་རུས་པཀྲོལ་ལ་ཤློག། ནད་ཁྲོལ་དབང་པོ
31a7 སྤྲོས་ལ་ཤོག། དགྲ་བོའི་ལྷ་ལྔ་དབང་དུ་སྨྲས།། མངོན་སྤྱོད་དྲག་པོས་རྡུལ་དུ་རྫོགས།། ཞེ་སྡང་སྤྱོད་ཅིང་སྲིད་པར་ཀྲུགས།། མི་མངོན་མཁའ་དབྱིངས་པདེ་ཆེན་ནས།། ཨེ་ཀ་དྲྀ་ཏི་རལ་གཅིག་མ། དབུ་དགུ་ཐོར་ཚུགས་གཅིག་བཅིངས་ཤིབ།། ཁམས




iiif viewer powered by OpenSeadragon

30b - 31b

Texts on this page

Gdg023.3 - ma mo e ka dza ti za byed spyang rgyal nag po'i rgyud