e-texts navigator
Collection
Volume
Page
Wylie

316b1 ཀྱིས་གཟིགས།། རྡོ་རྗེ་སེམས་དཔའ་སྟན་ལས་ལངས།། ཀུན་བཟང་ཡབ་ལ་འདི་སྐད་གསོལ།། ཨེ་མ་བཅོམ་ལྡན་ཨ་ལ་ལ།། རྒྱལ་བའི་ཞིང་ཁམས་འདི་དག་ན།། ལོག་པའི་བདུད་དང་སྲིན་པོ་རྣམས།། སངས་རྒྱས་བཀའ་ལས་འགལ་བགྱིད་པ།
316b2 འདི་ལ་ནན་ཏན་ཇི་ལྟར་བགྱི།། ཀུན་བཟང་ལྷ་ཡིས་བཀའ་སྩལ་པ།། བདུད་དང་གཤིན་རྗེ་སྲིན་པོ་རྣམས།། ང་རྒྱལ་དྲེགས་པས་འཆིང་བ་ལ།། ཤིན་ཏུ་གདུག་ཅིང་གཏུམ་བྱེད་པས།། དེ་ལ་ཞི་བས་ཕན་མི་འགྱུར།། ཤེས་རབ་ཐབས་དང་ལྡན་བྱམ
316b3 ནས།། ཁྲོ་བོར་དེ་བཞིན་གཤེགས་མཛད་པ།། སངས་རྒྱས་ཐུགས་རྨི་ཁྲོས་པ་ཡིས།། སྟོང་གསུམ་མ་ལུས་ཐམས་ཅད་ཀྱང་།། སྐད་ཅིག་ཡུད་ལ་མེད་འགྱུར་ན།། སྲིད་པ་གསུམ་ལ་སྤོས་ཅི་དགོས།། དུར་ཁྲོད་གར་གྱི་ཕྱག་རྒྱར་བསྐྱེད།། དེ་ནས་སྟོན་པ
316b4 རྡོ་རྗེ་འཆང་།། ལེགས་པར་ཐལ་སྦྱར་ཕྱག་འཚལ་ནས།། དེ་ཉིད་ལ་ནི་གནས་བསྒྱུར་ཏེ།། གདུག་ཅིང་དྲག་ལ་རྩུབ་པ་ཡིས།། གོང་མ་ལས་ཀྱང་ཆེར་སྣང་ཞིང་།། དབུ་དང་ཕྱག་ཞབས་མང་པོ་དང་།། མཚོན་ཆ་རྣམ་པ་སྣ་ཚོགས་པས།། འཇིགས་པའི
316b5 ཆ་ལུགས་མང་པོས་བརྒྱན།། གཟི་བྱིན་མཐུ་དཔུང་བསྐྱེད་དུ་མེད།། རབ་ཏུ་རྔམས་ཤིང་ཐུགས་གཏུམ་ནས།། དགྱེས་མཛོད་རྡོ་རྗེ་གསོར་ནས་ཀྱང་།། གོམས་པའི་སྟོབས་ཀྱིས་གར་བྱེད་ཅིང་།། སྐུ་ཡི་སྤྲུལ་པ་སྣ་ཚོགས་ཀྱིས།། འཇིག་རྟེན་གསུམ་པོ་ཀུན་བཀང་ནས།།
316b6 སྲིད་པ་གསུམ་ཡང་དུས་གཅིག་གཡོས།། ཉི་མ་འབུམ་གྱི་འོད་བདལ་བས།། དྲེགས་པ་ཀུན་ཀྱང་ཚིག་ཅིང་བྲོས།། འབྲུག་སྟོང་མང་པོའི་སྒྲ་བསྒྲགས་པས།། གདུག་པ་མ་ལུས་བརྒྱལ་ཞིང་སྐྲག། སླན་ཆད་སྡོམ་ཞེས་སྨྲ་བ་དང་།། འབངས་སུ་མཆི
316b7 ཁྲོ་བོར་ཀྱང་།། ཐུགས་རྗེས་དེ་ཡི་ཁར་མ་བཏ་།། སྲིན་པོའི་ཆུང་མ་སྲིན་མོ་བརྣམ།། སྡུག་ནག་ཀྲོ་ཧྲཱི་ཏཱ་དཱི་།། དཔལ་ཆེན་འབར་བའི་ཐུགས་རྣམས།། ཕྱག་རྒྱན་ནིམིས་དབང་དྲུ་དྲུ་ས།། ཐབས་དང་ཞེས་རབ་ལ་པ་ཡིས།། བྱང་ཆུབ་མས




iiif viewer powered by OpenSeadragon

316a - 317a

Texts on this page

Gdg023.23 - phra men spyang ki las kyi rgyal mo'i rgyud