| | e-texts navigator
|
314a1 ཆུག་མ་མོ།། ཧེ་ཧེ་དུམ་བུ་ཛྫ་ཡ་ནཱ་ག་དུང་ཞེས་བརྗོད་ནས། རྒྱལ་རྒྱབན་རྒྱ་མིག་ཐལ་བར་ཐོར་གྱིས་འགྲོའོ།། རྟགས་ཀླུ་ཡི་སྲོག་ནས་འདྲེན།། བུམ་བུ་དམེད་པའི་སྔགས་ཡིན་ཏེ།། བྷཱུཾ་ཡ་བསྟབ་པའི་སྔག་ཅུ
314a2 གསུངས།། ནཱ་ག་བྲུ~ཾ་བུ་ཧུ་ལ། བྲལ་བའི་གསོ་ཁྲག་སྣ་ཚོགས་ཀྱིས་བསྐང་བ་ལ། བག་ཟན་གྱི་ཕྲལ་ལྕོང་བརྒྱད་ཀྱིས་མཐའ་བསྐོར་ལ། སྐད་མཱ་གྷ་ཡེད་གསུམ་ལ་བསྙེན་པ་བཟླས། སྐར་མ་ཁུམས་སྲད་ལ་གཏད། ཕག་པའི་དོ་པ
314a3 ག་པའི་སོག་པ་མནན། དགྲ་བོ་པོ་རྒྱུད་མཐའ་ཕུང་བར་ངེས་སོ།། ཨོཾ་ནི་རྣམ་པར་སྔང་མཛད་དེ།། རྗེ་ཁྲམ་བཙན་གྱི་སྲོག་སྙིང་སྟེ།། ཝ་ཁྲམ་པ་ཙན་སྲིང་སྲོག་སྙིང་ཡིན།། རྟ་ཁྲམ་བུམ་སྲིའི་སྲོག་སྙིང་ཡིན།། ཨོཾ་རྗེ་ཁམ་ལ་ཁྲམ་རྟ་ཁམ།། རབས
314a4 ཆད་ཀྱི་ནི་ཐོད་པ་དང་།། རྟ་ཐོད་དུ་བཅུག་ལ་སྐར་མ་བི་རྫི་ལ་གཏད་ནས། གོང་གསུམ་དུ་བཅུག་ན། དགྲ་བོ་མོ་རྒྱུད་མཐའ་ཕུང་བར་འགྱུར་རོ།། དབྱིངས་གསང་བ་འཁོར་ལོའི་རྒྱུད་ལས། ལས་ཐུན་མོང་གི་སྔགས་བསྟན་པ་སྟེ་ལེའུ་དྲུག་པའོ།།
314a5 ནས་དེ་དག་ཐམས་ཅད་ཀྱི།། མྱི་ཉིད་བཤད་པ་ལ་ཞུགས་ཏེ།། མཉམ་པ་ཉིད་ལ་གནས་པ་ལས།། བཅོམ་ལྡན་འདས་ལ་འཇམ་དཔལ་གྱིས་ཞུས་པ། སྤྱི་དང་རང་གི་མཚན་ཉིད་ལས།། སྔགས་ལ་ངེས་པ་ངུ་ཞིག་མཆིས།། བཅོམ་ལྡན
314a6 འདས་ལ་བཀའ་འདྲི་ཞུ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། མ་འོངས་རྣམས་ལ་ཕན་གདགས་ཕྱིར།། སྔགས་ཀྱི་དེ་ཉིད་བཤད་པར་བྱ།། སྔགས་ཀྱི་མགོ་བོ་ཨོཾ་ཡིན་ཏེ།། བསྙེན་པ་བགྲུབ་ན་འབྱུང་བར་ངེས།། རྣམ་པར་སྣང་མཛད་ཡིན་པའི
314a7 ཕྱིར།། དྲག་པོའི་ལས་ལ་འདུལ་མི་འགྱུར།། མགོ་མེད་ཡི་གེ་ཧཱུཾ་གཞུག་བྱ།། ཡེ་ཤེས་ལྔ་དང་ལྡན་མོད་ཀྱང་།། ཐུགས་ཉིད་རྡོ་རྗེ་ཡིན་པའི་ཕྱིར།། ། ཟོས་པ་དྲག་པོས་འདུལ་བར་བསྟན།། འདུགས་གོང་འོག་སྤོ་བ་ཡིན།། ཡེ
iiif viewer powered by OpenSeadragon
313b - 314b