| | e-texts navigator
|
313b1 མེངས་འཛིན་པར་འགྱུར་རོ།། དེ་དག་ནི་དྲག་སྔགས་བྱེད་པར་ཅན་བརྟན་པ་སྟེ། དབྱིངས་གསང་བའི་འཁོར་ལོའི་རྒྱུད་ལས། མནན་པ་ལས་ཀྱི་བྱེ་བྲག་བསྟན་པའི་ལེ་ཊ་ནྡེ་ལྔ་པའོ།། ། དེ་ནས་འཇམ་དཔལ་སྟན་ལས་བཞེངས་ཏེ། བཅོམ་ལྡན
313b2 འདས་ལ་ཕྱག་བྱས་ཏེ།། ཀྱེ་མ་བདེ་གཤེགས་བཅོམ་ལྡན་འདས།། མ་འོངས་པ་ཡི་རྣལ་འབྱོར་ལ།། ཐུན་མོང་སྔགས་རྣམས་མི་འཚལ་ལམ།། དེ་ལ་ནན་ཏུར་མི་འཚལ་ལམ།། བཅོམ་ལྡན་འདས་ཀྱིས་བཤད་འཚལ།། བཅོམ་ལྡན་འ
313b3 བཀའ་སྩལ་པ།། སྔགས་རྣམ་གྲགྲི་འདྲ་བ་ལ།། ཤིན་ཏུ་བཤད་པར་མི་སྤོབས་ཀྱང་།། མ་འོངས་རྣམས་ཀྱི་དོན་གྱི་བཤད།། དར་རྣམ་ཤེས་སྔགས་ཡིན་ཏེ།། ཐུམ་བྱེར་གྱིས་ནི་གསོད་པོར་བྱེད།། དར་བུམ་བྱེར་མནན་པ་ཡིན།། ད་ཁྱེ
313b4 ཞིན་། །། ག
313b5 དེ་ནི་རྣམ་ཤེས་སྙིང་པོར་གསུངས།། ཅི་རི་གཉིས་འགྱུར་བརྗོད་པར་བྱ།། རི་རི་སྲེག་པའི་སྦྱོར་བ་ཡིན།། སྦར་ན་གྲམ་བསད་སྔགས་ཏེ།། ཐུག་ལུམ་གཉིས་བརྗོད་བསད་སྔགས་ཡིན།། བར་དུ་མུག་བྱེར་གཉིས་བཞག་པ།། རབ་ཏུ་འསད་པའི
313b6 གསང་སྔགས་སོ།། རྦད་ཐཱི་དྷི་རི་རྩི་རི་རི་སྥ་རན་གྲི་ཐུག་ལུཾ་ཐུག་ལྕི་མུགས་བྱེར། གཞན་ཡང་ཨོཾ་ནི་ཀུན་གྱི་མགོ་ཡིན་ཏེ།། བྲེས་འདེ་བུས་ཞེས་རྦད་པ་དང་།། ཐུམ་བུ་ཀྐི་ཏེ་བསད་པའི་སྔགས།། དུར་གྲི་ཏ་དུང་བསྟབ་པའོ།། འཇིབས་ནི་བསད་པའི
313b7 སྔགས་ཡིན་ཏེ།། ཏ་ལ་སོགས་པའི་རྨིག་ཟླུམ་རྣམས།། ཡོངས་ལ་བརྡེག་པར་བསྟན་པ་ཡིན།། ཨོཾ་བྲེ་འདི་ལུས་བྲུཾ་སྥུ་གྲི་ཏ་དུང་འཇིབས། དགྲ་བོ་ཡུལ་ཚན་དང་འགྲས་ན། གླ་བའི་ཚུལ་ཆུ་བླུགས་ལ། ངན་སྔགས་འདི་བཏབ་ན
iiif viewer powered by OpenSeadragon
313a - 314a