e-texts navigator
Collection
Volume
Page
Wylie

311b1 མནན་ནངས་པར་ནོན་པ་ཡིན།། དབུས་སུ་བསྒྲུབ་བྱའི་མིང་དུས་དང་།། གཉེན་དགུ་དག་ལ་གཏད་པར་བྱ།། མནན་ཐོད་མཆོད་ན་གསོ་བར་འགྱུར།། འཕང་ན་བསླབས་པ་འཚོར་བར་ངེས།། ཀླུ་ལ་པ་དམར་ར་རུ་མནན།། གཞན་ཡང་རྟ་ལ་སོགས་པ་ཡིན།།
311b2 གཟུགས་ལ་མནན་ན་ངེས་པར་ཕུང་།། གཞན་ཡང་མནན་པ་ཐོད་པའི་གྲངས།། ཁམ་སའི་ཕུར་བ་བཅུ་འམ་དགུ་ལས་ཉུང་མི་བྱ།། དེ་དག་མནན་པ་གྲུབ་པའི་རྟགས།། ཀླུ་ལས་མཛེ་ནད་བཅོ་བརྒྱ་ང་འབྱུང་།། བཙན་ལས་གཟེར་ན་དྲུག་ཏུ་འབྱར།། ས
311b3 བདག་ལས་ནི་ཞ་གྲུམ་སྟེ།། ཡུལ་ལྷས་ཡུལ་ལས་དབྱུང་ལ་སོགས།། དམུ་ལྷས་དམུ་ནད་དགུ་རྣམས་གཏོང་།། ལྷ་ལ་སོགས་པ་གཞན་རྣམས་ལ།། བདུན་དང་ལྔ་དང་དྲུག་དང་ཡང་།། བརྒྱད་དང་དགུ་རུ་ཤེས་པར་བྱ།། ཕུང་བྱེད་མནན་ཐོད་བཤད་པའོ།།
311b4 མཆོད་ཟོང་ནལ་བུ་དྲེད་དང་ཕག། ཞག་གསུམ་ལ་སོགས་གོང་དང་འདྲ།། ཡོང་སུ་མ་ཉམས་ཐོད་པ་ལ།། དབུས་སུ་གཙོ་བོའི་སྔགས་བྲིས་ལ། ཡི་སྔགས་ཀྱིས་བསྐོར།། རཀྟའི་རྒྱ་མཚོ་མཆོད་པའི་རྫས།། བོང་པའི་རྫས་ནི་སྤོས་ཆེན་ལ།། བསྙེན་པའི
311b5 རྫས་ནི་མམྲྀ་ཏ།། དམ་ཚིག་རྫས་ནི་དམ་ཚིག་བསྲེ།། བསྒོམ་དང་ཏིང་འཛིན་མ་འཁྲུལ་བས།། མཁའ་འགྲོ་ཐོད་པ་དེ་ལ་མཆོད།། ཡེ་ཤེས་གཤེགས་དང་འབྲེལ་པ་བཞིན།། མཆོད་ཐོད་དྲན་ཏེ་རྟག་ཏུ་མཆོད།། ཟས་ཀྱི་ཕུད་མཆོད་རྟག་ཏུ་དྲན།། བྲན་དང་ཡུལ
311b6 འཁོར་སྐྱོབ་པར་བྱེད།། ཅི་འདོད་བསམ་པ་འགྲུབ་པར་བྱེད།། མཆོད་ཐོད་མནན་ན་མཁའ་འགྲོ་མནན།། སྟོང་གསུམ་སྲིད་པའི་མཁའ་འགྲོ་འཁྲུག། བདག་ཉིད་འཁོར་དུ་སྐྱོ་འབོག་གཏོང་།། རིམས་ནད་སྣ་ཚོགས་འབྱུང་བར་འགྱུར།། གཞན་ཡང་མཛེ
311b7 ས་ག་ཏེ།། འབ་ན་འས་མའན་ས་མ།། དང་བའི་ཐགམིང་མོ་གཤེས་པའོ།། ང་བའི་བྱང་བྱ་མིང་བ།། བརྒྱ་མཆང་བང་།། རྩེམ་མ་ག་བ་དུང་མྱོས། གས་རོ།། དུ




iiif viewer powered by OpenSeadragon

311a - 312a

Texts on this page

Gdg023.22 - dbyings gsang ba'i 'khor lo'i rgyud