| | e-texts navigator
|
30b1 མར་མངའ་གསོལ་ལོ།། དེ་ནས་རྒྱ་མཚོའི་གཏིང་དུ་ཡུམ་མཚོ་སྲན་རྒྱལ་མོའི་དངོས་གྲུབ་བརྙེས་ཏེ། ཟག་དམར་ཆོལ་ཟངས་འདྲ་བ་ལ་ཉིན་གྱི་གནས་བཅས། མཚན་ཡང་མེ་ཟ་ཟག་གྱོན་མར་གསོལ་ལོ།། དེ་ནས་ངུར་ཁྲོད་གནས་ཀུན
30b2 ཉལ་བས། མཚན་ཡང་དྲར་ཁྲོད་ཀློང་དགུ་མ། གྲགསུམ་དཔལ་གྱི་ཕོ་ཟང་དུ།། དཔལ་ཆེན་ཁྲག་འཐུང་དབང་ཐོབ་པས།། མཚན་ཡང་དཔལ་གྱི་གཟུངས་གཅིག་མ།། གྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་ངུ།། ཡ་མཱན་ཏ་ཀའི་ཡུམ
30b3 མཛད་པས།། མཚན་ཡང་སྒེག་མོ་རལ་གཅིག་མ།། གྲུ་གསུམ་ཤེལ་གྱི་དཀྱིལ་འཁོར་དུ།། རྡོ་རྗེ་གཞོན་ནུའི་ཡུམ་མཛད་པས།། མཚན་ཡང་འཁོར་ལོ་རྒྱས་འདེབས་མ།། རི་བོ་མ་ལ་ཡ་ཡི་རྩེར།། ཕྱག་ན་རྡོ་རྗེའི་ཞབས་དྲུང་དུ།། གསང་སྔགས
30b4 བསྲུང་མར་དབང་བསྐུར་བས།། མཚན་ཡང་སྔགས་སྲུང་ནག་མོ་བྱ།། ཐམས་ཅད་གསོད་པའི་ལས་བྱེད་པས།། སྲིན་མོ་རལ་གཅིག་ཤ་ཟ་མ།། རྣལ་འབྱོར་ཡོད་ཀྱི་གྲོགས་བྱེད་པས།། མཚན་ཡང་དགྲ་འདུལ་ནད་ཚོང་མ།། དེ་ཡང་ཚ་བའི་ནད
30b5 གཏོང་བས།། མཚན་ཡང་བལ་མོ་ཀུན་སྡུག་མ།། ཁྲག་རིམས་ཡམས་ནད་གཏོང་བྱེད་པས།། མཚན་ཡང་ནག་མོ་ཁྲག་འཛག་མ།། ལྷས་ངན་ཆོ་འཕྲལ་གཏོང་བས་ན།། མཚན་ཡང་མོན་མོ་ནག་མོ་བྱ།། དེ་བཞིན་མཚན་གྱི་རྣམ་གྲངས་ཡང་།
30b6 བརྗོད་ཀྱིས་མི་ལང་བསམ་ཡས་ཏེ།། ཕྱག་ན་རྡོ་རྗེ་སྤྲུལ་པའི་སྒྲ།། དེ་ཉིད་སྤྲུལ་པ་བསྟན་པ་པས།། ཞེས་གསུངས་སོ།། ཟ་བྱེད་སྡང་རྒྱལ་ནག་མོའི་རྒྱུད་ལས་སྐྱེ་ཆུད་ལུང་བསྟན་པའི་སྐབས་ཏེ་ཉི་ཤུ་བརྒྱད་པའོ།། དེ་ནས་འདུས་པའི་ཕལ
30b7 \ུ0f7f།། ཤིན་ཏུ་མཚར་ཡི་རངས་ནས།། མ་མེ་ཏད་ལ་མངོན་པར་བསྟོད།། ཏྲཾ། གསང་སྔགས་གཏན་འི་ལུང་མ་མཐུམ།། སྔགས་ཀྱ་ནག་མ~ཾ་།། མངོན་པར་བསྟོད་ཀྱིས་དམ་མ་འདས།། སྲ་གསུམ་ཕྲམ་གྱི་མཁའ་དབྱིངས་ནས
iiif viewer powered by OpenSeadragon
30a - 31a