e-texts navigator
Collection
Volume
Page
Wylie

29b1 མ་དག་གམརྭ་ཤིང་ལ།། འབུར་དུ་བུས་པ་བཞུགས་སུ་གསོལ།། ཡང་ན་འཕྲ་ཟན་ལས་བྱས་པའི།། མཐིང་ནག་འཇིགས་པའི་ཆ་བྱད་ཅན།། ཞལ་གདངས་སྤུན་བགྲད་མཆེ་གཙིགས་པའི།། རལ་པས་ས་གཞི་ཁྱབ་པ་ལ།། སྤྱི་གཙུག་མཐིང
29b2 གའི་རལ་བ་འོད་དུ་འབར།། གཡས་པ་བམ་ཆེནཱ་ཙིནྡྷ་ལ།། གཡོན་པ་གཡུ་ཡེ་སྦྲང་མོ་ཕྲ་བབས་ཐོགས།། སྲུང་མོ་འབུམ་གྱིས་བསྐོར་བར་བྱ།། ཐུགས་ཀར་མཚལ་གྱིས་ཏྲག་གཅིག་བྲི།། ཞལ་དུ་བརྣག་པའི་མིང་རུས་གཞུག། སྔོན་དུ
29b3 རྣལ་འབྱོར་གྱོལ་ཟོང་བྲི།། ལེ་བརླན་གུར་དབུ་ཞིང་ཡོལ་བྲི།། དེ་ལྟར་བཞེངས་པའི་མ་མོ་དེ།། ཕོ་སྲོག་བདག་མོ་ཡིན་པར་བཤད།། ཚེ་ལ་དཀྱིལ་འཁོར་བཞེངས་གསོལ་ལ།། སྐངས་སུ་ཚེ་ཡི་སྙིང་པོ་དྲུང་།། དང་པར་ཏིང་འདྲོན་རྣམ
29b4 གསུམ་གྱིས།། རང་གི་སེམས་ཉིད་རྟོགས་པར་བྱ།། རྟོགས་པ་མ་ཡེངས་བརྟན་པོ་ཡིས།། ཕྲིན་ལས་རྣམ་བཞིའི་མཎྜལ་ལ།། བྷནྟ་འབར་བའི་གཞལ་ཡས་སུ།། རང་བྱུང་ཡེ་ཤེས་ཆེན་པོ་ལས།། ཡི་གེ་ཏྲག་ཏུ་འཕྲོས་པ་ཡིས།
29b5 ཏྲག་ལས་མ་མོགས་ལ་བསྒོམ་སྟེ།། འཁོར་ནི་ནག་མོ་འབུམ་དང་བཅས།། ཏིང་འཛིན་བརྟན་པོ་མ་ཡེངས་བསྒོམ།། དེ་ཡི་མདུན་དུ་མཆོད་པ་ཀུན།། འདོད་ཡོན་སྣ་ཚོགས་ལྡན་པ་བསྒོམ།། བླ་ནག་ལུག་ནག་བསྐུང་བའི་རྗེས།། བདུད་དང་གི
29b6 པའད་དེ་བཞིན་དུ།། རང་རང་མཉས་པའི་རྫས་ཀྱང་བཤམ།། ཞག་གསུམ་པར་དུ་དཔལ་བསྙེན་བྱ།། དྲུག་གི་བར་དུ་ཆེ་བརླབ་\ུ0f7f།། དག་ཡོ་བར་དུམ་མོ་བསྟེན།། བཅུ་གཉིས་པར་དུན་མོ་བསྐང་།། བཅོ་ལྔའི་རྔུབ་མོ་ཐུན་ཟོར་འཕང་།
29b7 མཚན་པོའི་གཞུང་ལ་བསྐྱོན།། དེ་ཡིས་དགོས་འདོད་བགྲ་ཅད་འགྱུང་།། ཅེས་གསུངས་སོ།། བྱེད་སྲུང་རྒྱལ་ནག་མོའི་རྒྱུད་ལས་མ་དྷ་དས་ཀྱི་མཐུ་ནས་བྱ་ཏི་ཤུ་བདུན་པ།། བདེ་བྱེད་ལྷ་མོས་ཡང་གསལ་པ།། བདག་མ་ཡིན་པ།




iiif viewer powered by OpenSeadragon

29a - 30a

Texts on this page

Gdg023.3 - ma mo e ka dza ti za byed spyang rgyal nag po'i rgyud